༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢ ཉིན་ལག་ནའོ་གྲོང་སྡེའི་སྤྱི་ཁྱ བ་ཟུར་པ་འབུམ་རམས་པ་སྐུ་ཞབས་ཌའོ ་ཇི་གྷུབ་ཏ་ (Dr. Dauji Gupta, Former Mayor of Lucknow) མཆོག་དགུང་གྲངས་ ༨༡ ཐོག་སྐུ་ཚེའི་འཕེན་པ་རྫོགས་པར། ཕྱི་ཚེས་ ༣ ཉིན་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ ་ཤེས་ཕུན་ཚོགས་མཆོག་གིས་གཞིས་བྱེ ས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི ་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ དམ་པ་ཁོང་གི་ཤུལ་ལུས་ནང་མི་དང་། རྗེས་འབྲངས་པ་ཡོངས་ལ་ཐུགས་གསོ་ ཞུས་གནང་འདུག
ཐུགས་གསོའི་འཕྲིན་ཡིག་ནང་འཁོད་ དོན། ལག་ནའོ་གྲོང་སྡེའི་སྤྱི་ཁྱབ་ཟུ ར་པ་དང་། རྒྱལ་སྤྱིའི་རྩ་ཁྲིམས་དང་གྲོས་ ཚོགས་ཚོགས་ཆུང་ (World Constitution and Parliament Association (WPCA)) ཞེས་པའི་ཚོགས་གཞོན། འཛམ་གླིང་གྲོང་སྡེ་སྤྱི་ཁྱབ་ཚོ གས་པ་ (World Mayor Organisation) ཞེས་པའི་ངེས་སྟོན་པ། ཡུ་པི་མངའ་སྡེའི་གྲོས་ཚོགས་གོང་ མའི་ཚོགས་གཙོ། ཡུ་པི་མངའ་སྡེའི་གྲོས་ཚོགས་འོག་ མའི་འཐུས་མི། མོ་དྷི་ལལ་དྲན་རྟེན་ཚོགས་པའི་ (Motilal Memorial Society ) ཚོགས་གཙོ། ཧིིིན་བོད་མཛའ་འབྲེལ་ཚོགས་པའི་ ཚོགས་གཙོ་བཅས་གནང་མྱོང་མཁན་འབུ མ་རམས་པ་སྐུ་ཞབས་ཌའོ་ཇི་གྷུབ་ཏ་ མཆོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ ཐོས་འཕྲལ་ང་ཚོ་ཚང་མ་བློ་ཕམ་ཆེན་ པོ་བྱུང་།
དམ་པ་ཁོང་གིས་ཕྱི་ལོ་ ༡༩༧༡ ནས་ ༡༩༩༢ བར་ཡུ་པི་མངའ་སྡེའི་ལག་ནའོ་གྲོ ང་སྡེའི་སྤྱི་ཁྱབ་ཐེངས་གསུམ་ གནང་བ་མ་ཟད། དམ་པ་ཁོང་ནི་ལག་ནའོ་ལོ་རྒྱུས་ དང་རིག་གཞུང་ཐོག་རྒྱུས་མངའ་ཧ་ ཅང་གཏིང་ཟབ་ཡོད་སྟབས། ཚང་མས་ལག་ནའོ་ལོ་རྒྱུས་ཀྱི་ཡབ་ ཆེན་དུ་འབོད་ཀྱི་ཡོད། དེ་བཞིན་དམ་པ་ཁོང་གིས་ཧིན་དིའི་ སྐད་ཡིག་གོང་སྤེལ་ཚོགས་པ་མང་པོ་ སྣེ་ཁྲིད་དང་། ལག་ནའོ་གྲོང་ཁྱེར་དེ་བཞིན་དེང་ རབས་ཅན་གྱི་གྲོང་ཁྱེར་ལ་བསྒྱུར་ རྒྱུར་འགན་རྐང་གཙོ་བོ་བཞེས་ཡོད། དམ་པ་ཁོང་སྐུ་གཤེགས་པ་དེས་རྒྱ་ གར་གཞུང་མང་གཉིས་ལ་གྱོང་གུད་ཆེ ན་པོ་ཕོག་པ་མ་ཟད། ལག་ནའོ་གྲོང་ཁྱེར་མི་མང་ལ་དེ་ བས་ཀྱང་གྱོང་གུད་ཕོག་ཡོད།
འབུམ་རམས་པ་སྐུ་ཞབས་ཌའོ་ཇི་གྷུ བ་ཏ་མཆོག་ནི་བོད་ཀྱི་རྩ་དོན་ཐོ ག་རྒྱབ་སྐྱོར་ཡུན་རིང་གནང་མཁན་ ཞིག་ཡིན་ཞིང་། དམ་པ་ཁོང་གིས་ཧིིིན་བོད་མཛའ་འབྲེ ལ་ཚོགས་པའི་ཚོགས་གཙོ་གནང་སྐབས། ལག་ནའོ་ལ་ཧིིིན་བོད་མཛའ་འབྲེལ་ ཚོགས་པའི་ཚོགས་ཆེན་བསྐོང་ཚོགས་ གནང་བ་མ་ཟད། ཕྱི་ལོ་ ༢༠༡༢ ལོར་བཞུགས་སྒར་དུ་གོ་སྒྲིག་ཞུས་ པའི་ཧིིིན་བོད་མཛའ་འབྲེལ་ཚོགས་ པའི་ཚོགས་འདུ་སོགས་ཧིིིན་བོད་ མཛའ་འབྲེལ་ཚོགས་པའི་ཚོགས་འདུ་ཡོ ངས་ལ་རྒྱུན་དུ་ནས་མཉམ་ཞུགས་གནང་ གི་ཡོད།
དེ་བཞིན་བོད་མི་མང་སྤྱི་འཐུས་ལྷ ན་ཚོགས་ནས་ཕྱི་ལོ་ ༢༠༡༨ ལོར་ལག་ནའོ་གྲོང་ཁྱེར་ལ་བོད་ཀྱི ་གནད་དོན་རྒྱ་གར་ལ་ཇི་ཙམ་གལ་ གནད་ཆེ་ཚུལ་ཞེས་པའི་བགྲོ་གླེང་ ལྷན་ཚོགས་གོ་སྒྲིག་ཞུས་པའི་ཐོག་ དམ་པ་ཁོང་གིས་ཚོགས་འདུ་གཙོ་སྐྱོ ང་གནང་ཡོདཔ་མ་ཟད། དམ་པ་ཁོང་ནས་ལག་ནའོ་ཁུལ་ལ་ཡོད་ པའི་བོད་མི་སུད་ཚོང་བ་རྣམས་ལ་ མཐུན་འགྱུར་རོགས་རམ་གནང་ཡོད། ང་རང་སྒེར་ལ་ཆ་མཚོན་ན། དམ་པ་ཁོང་དང་ལྷན་མཇལ་འཕྲད་ཀྱིས་ བོད་དོན་སྐོར་ལ་ཡང་ཡང་བཀའ་བསྡུ ར་གནང་རྒྱུའི་གོ་སྐབས་བྱུང་མྱོ ང་ཡོད། ཁོང་སྐུ་འཚོ་ཞུགས་སྐབས་བོད་དོན་ ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེ ས་འཁོད་འདུག་པ་བཅས། །