༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༥༩ དེ་སྤེལ་ཡོད་པ་དང་། གསལ་བསྒྲགས་གནང་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་དང་། སྨན་པ་ཚེ་རིང་མཚམས་གཅོད་ལགས། སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་ཡིན།
དེ་ཡང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས། ད་ཆ་ནད་རླབས་གཉིས་པ་འགྲོ་བཞིན་ཡོད་པ་དང་། ནད་རླབས་དང་པོའི་སྐབས་དེ་ཙམ་ཛ་དྲག་པོ་བྱུང་མེད་ནའང་ནད་རླབས་གཉིས་པའི་སྐབས་གཟབ་གཟབ་མ་གནང་ཚེ་མི་མང་པོ་ཞིག་ལ་ནད་ཡམས་ཁྱབ་བརྡལ་འགྲོ་རྒྱུའི་ཉེན་ཁ་ཡོད་པ། ནད་རླབས་གཉིས་པའི་སྐ
འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་དུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༤༤༣ བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༢༡༨ དང་། བུད་མེད་གྲངས་ ༢༢༥ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ ༩༣ དང་ཆུང་ཤོས་དེ་བྱིས་པ་ལོ་ ༡ ཡིན། བློ་ཕམ་པ་ཞིག་ལ་བདུན་ཕྲག་འདིའི་ནང་མི་གྲངས་ ༢༢ འདས་གྲོངས་སུ་གྱུར་ཡོད། ད་བར་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༣༣༧༧ དྲག་སྐྱེད་བྱུང་བ་མི་གྲངས་ ༢༡༡༩ འདས་གྲོངས་སོང་བ་མི་གྲངས་ ༨༣ ད་ལྟ་རྒྱ་གར་དང་བལ་ཡུལ་ནང་ནད་མནར་གསོ་བཅོས་བཞིན་པ་མི་གྲངས་ ༡༡༧༥ ཡོད། ད་ལྟའི་ནད་ཡམས་འདི་ལ་ཁ་ཟས་མངར་
མི་མང་ལ་ཐུགས་སྣང་ལམ་སྟོན་ཞུ་རྒྱུར། ད་བར་རྒྱལ་སྤྱིའི་ནང་ནད་གཞི་འདི་ཕོག་པའི་མི་གྲངས་ས་ཡ་ ༡༥༩ དང་། བྱེ་བྲག་རྒྱ་གར་ནང་ས་ཡ་ ༢༣ བྱུང་ཡོད། ད་ཆ་རྒྱ་གར་ནི་འཛམ་གླིང་ནང་ཏོག་དབྱིབས་གཉན་རིམས་ ༡༩ ཕོག་མཁན་གྱི་ནད་པའི་གྲངས་ཚད་མཐོ་ཤོས་གཉིས་པ་དེ་ཆགས་ཡོད། འདས་པའི་ཆུ་ཚོད་ ༢༤ ནང་ནད་གཞི་ཕོག་པ་མི་གྲངས་འབུམ་གསུམ་དང་སྟོངཕྲག་དྲུག་ཅུ་རེ་གཉིས་བྱུང་ཡོད། ཅེས་གསུངས།མཐར་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ལམ་སྟོན་གནང་དོན། ད་ཆ་འཛམ་གླིང་སྤྱི་དང་། ལྷག་པར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཕོག་པའི་གྲངས་འབོར་ཡར་འཕར་བཞིན་འདུག དེར་བརྟེན་ཚང་མས་ཁ་རས་ངེས་པར་དུ་གྱོན་དགོས་པ་དང་། མིའི་དབར་རྒྱང་ཐག་འཇོག་རྒྱུ། དེ་བཞིན་རླུང་འགྲོ་ས་ཡག་པོ་འཇོག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེང་སྐབས་ནད་རྟགས་ཡོད་མཁན་མི་མང་པོ་ཞིག་གིས་བརྟག་དཔྱད་བྱེད་རྒྱུར་དངངས་སྐྲག་བྱེད་ཀྱི་ཡོད་འདུག གལ་ཏེ་ནད་ཡམས་འདི་ཕོག་ཡོད་པ་ར་འཕྲོད་བྱུང་བ་ཡིན་ན་སྨན་སྔོན་ལ་བཏང་ཐུབ་ན་དྲག་བསྐྱེད་མགྱོགས་བ་ཡོང་གི་འདུག དེ་བཞིན་ནད་གཞི་ཕོག་ཡོད་པ་ར་འཕྲོད་བྱུང་བ་དང་ཟུར་བཀག་ཏུ་བཞུགས་ན་གཞན་ལ་མ་འགོས་པའི་དགེ་མཚན་ཡོད།
ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་རགས་རྒྱུ་ཁག་པོ་ཆགས་སྟབས། ཁབ་འདང་ངེས་ཤིག་ཐོབ་ཀྱི་ཡོད་ས་མ་རེད། དེར་བརྟེན་ཁ་རས་ངེས་པར་དུ་གྱོན་དགོས་པ་དང་། ནད་རྟགས་ཐོན་པ་དང་བརྟག་དཔྱད་བྱེད་རྒྱུ། ཟུར་བཀག་ཏུ་བཞུགས་རྒྱུ་གལ་ཆེན་པོ་རེད་འདུག དུས་ཐོག་བརྟག་དཔྱད་མ་བྱས་པའི་རྐྱེན་གྱིས་ཚེ་སྲོག་ཤོར་བ་དེ་འདྲ་ཡང་བྱུང་ཡོད། ཅེས་སོགས་ཀྱི་ལམ་སྟོན་གནང་སྟེ་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༥༩ དེ་མཇུག་སྒྲིལ་ཡོད། །