༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༨ ཉིན་སུད་སིར་གནས་སྡོད་རང་ལོ་ ༤༦ ཡིན་པ་བོད་དོན་ལས་འགུལ་བ་ཚེ་རིང་དབང་འདུས་ལགས་ཀྱིས་དགོས་འདུན་དོན་ཚན་ལྔ་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་གྱིས་མགོན་པོ་གང་ཉིད་བོད་དུ་གདན་འདྲེན་ཞུ་དགོས་པ་དང་། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་ཡབ་ཡུམ་དང་ནང་མི། བྱ་བྲལ་རིན་པོ་ཆེ། བོད་མི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་དགོས་པ། རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པ་མཚམས་འཇོགས་དགོས་པ། ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་པེ་ཅིང་ཨོ་རྩལ་མགྲན་རྩོད་ཕྱིར་འཐེན་དགོས་པ། འཛམ་གླིང་རྒྱལ་ཁབ་ཁག་ནས་རྒྱ་ནག་གི་བྱ་ངན་ཇི་སྤེལ་ལ་དཔལ་འབྱོར་གྱི་ཁེ་ཕན་ཁོ་ནར་དམིགས་ཏེ་འཇམ་མཁས་དང་ཞི་མཐུན་འགྲིག་འཇགས་ཀྱི་སྲིད་བྱུས་དེ་བཞིན་དོར་དགོས་པ་དང་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ལ་ཞིབ་འཇུག་གནང་སྟེ་ལན་འདེབས་ཚ་ནན་དགོས་པ། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་ཏེ་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པ་མཚམས་འཇོགས་དགོས་པའི་དགོས་འདུན་བཏོན་ཏེ་སུད་སི་གྲོང་ཁྱེར་ཝིན་ཊར་ཐུར་ (Winterthur) ནས་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དབུ་འཛུགས་ཀྱིས་སྤྱི་ལེ་ ༡༠༠༠ ཙམ་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱིས་ཕྱི་ཚེས་ ༢༡ ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་ཕེབས་འབྱོར་སྐབས་སུད་སི་སྐུ་ཚབ་དོན་ཁང་གི་ལས་བྱེད་དང་། ཇི་ནི་ཝ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། བོད་དོན་ལས་འགུལ་བ་དབང་འདུས་ཚེ་རིང་ལགས་ཀྱིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་ལྕམ་སྐུ་མི་ཤེ་ལེ་བྷ་ཤེ་ལེ་ཊི་ (Michelle Bachelet) མཆོག་གི་མཚན་ཐོག་རྒྱ་གཞུང་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པ་མཚམས་འཇོགས་དགོས་པའི་ཞུ་ཡིག་ཅིག་ཕུལ་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།