༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༣ ནས་ ༤ བར་ཉིན་གྲངས་གཉིས་རིང་སྒང་ཏོག་ས་གནས་འགོ་འཛིན་ལས་ཚབ་ཀརྨ་རྣམ་རྒྱལ་ལགས་དང་། ཚབ་གསར་ས་གནས་འགོ་འཛིན་བསྟན་འཛིན་ཚེ་དཔག་དབར་རྩིས་སྤྲོད་རྩིས་ལེན་གནང་ཡོད།སྐབས་དེར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་ས་གནས་འགོ་འཛིན་རྡོ་རྗེ་ཚེ་རིང་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་ཀྱི་དགོན་སྡེ་ཁག་གི་སྐུ་ཚབ། ས་གནས་བོད་ཀྱི་སྨན་རྩིས་ཁང་གི་སྨན་པ། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ལྷན་འཛོམས་ཐོག་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།