༄༅། །བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་གླང་ས་ག་ཟླ་བའི་ཚེས་ ༡༦ དང་། ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༧ རེས་གཟའ་ཕུར་བུའི་སྔ་དྲོ་ཆུ་ཚོད་ ༡༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་མང་གཙོའི་ལམ་ནས་བདམས་ཐོན་བྱུང་བ་སྤེན་པ་ཚེ་རིང་མཆོག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ལས་འཁུར་དང་གསང་རྒྱའི་དམ་བཅའ་འབུལ་རྒྱུའི་མཛད་སྒོ་བོད་ཀྱི་བརྙན་འཕྲིན་ཚན་པའི་ངོ་དེབ་བརྒྱུད་ཐད་ཀར་རྒྱང་སྲིང་ཞུ་རྒྱུ་ཡིན་འདུག་ན། དོན་གཉེར་ཅན་རྣམས་ཀྱིས་གཤམ་གསལ་དྲ་ཚིགས་ཐོག་མཛད་སྒོ་ཐད་ཀར་གཟིགས་གནང་ཡོང་བ་ཞུ། དམ་འབུལ་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་བཀའ་སློབ་བསྩལ་རྒྱུ་ཡིན་འདུག་པ་བཅས། །
གསར་གནས།
འབྲེལ་གནས།