༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་མདོ་སྟོད་སྤྱི་འཐུས་ བློ་བཟང་གྲགས་པ་ལགས་དང་། བོད་མི་མང་མདོ་སྨད་སྤྱི་འཐུས་རྒྱ ་རིགས་ཐར་ལགས་རྣམ་གཉིས་ནས་སྐ བས་ ༡༦ པའི་སྤྱི་འཐུས་ནས་རྩ་དགོངས་ཞུས་ མཚམས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོ ན་ཚན་ ༥༧ པ། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་ ཞེས་པའི་ནང་གསེས་ ༢ པའི་དགོངས་དོན་ལྟར། དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༡༦ ལོའི་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་མདོ་སྟོད་སྤྱི་འཐུས་དངོས་ གཞིའི་འོས་བསྡུའི་སྐབས་ཀྱི་སྒུ ག་ཐོའི་བང་རིམ་དང་པོ་ཚེ་རིང་སྒྲོ ལ་མ་ལགས་དང་། མདོ་སྨད་སྤྱི་འཐུས་དངོས་གཞིའི་ འོས་བསྡུའི་སྐབས་ཀྱི་སྒུག་ཐོའི་ བང་རིམ་དང་པོ་བསོད་ནམས་དབང་མོ་ ལགས་རྣམ་གཉིས་ནས་ཚོགས་དྲུང་ལས་ ཁུངས་སུ་ལས་འཁུར་དམ་འབུལ་ཞུ་སྒོ ་འབྲེལ་གཏུགས་དགོས་པའི་བརྡ་ཐོ་ བཏང་བ་བཞིན། ཕྱི་ཟླ་ ༥ ཚེས་ ༣ ཉིན་གྲོས་ཚོགས་ཚོགས་ཁང་ནང་དཔལ་ ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུ ན་ཚོགས་མཆོག་གི་མདུན་དུ་བདམས་ཐོ ན་སྤྱི་འཐུས་ཚེ་རིང་སྒྲོལ་མ་ ལགས་དང་། བདམས་ཐོན་སྤྱི་འཐུས་བསོད་ནམས་ དབང་མོ་ལགས་རྣམ་གཉིས་ནས་སྤྱི་ འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས་ གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ ཆུ་ཚོད་ ༡༠།༠༠ ཐོག་བོད་མི་མང་སྤྱི་འཐུས་རྒྱུན་ ལས་རྣམ་པ་གྲོས་ཚོགས་རྭ་བར་ལྷན་ འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོ གས་གཞོན་མཆོག་གིས་༸རྒྱལ་བའི་སྐུ ་པར་མཐོང་གྲོལ་རིན་པོ་ཆེའི་དྲུ ང་དུ་གུས་ཕྱག་དང་མཇལ་དར་སྒྲོན་ འབུལ་དང་། དེ་རྗེས་བདམས་ཐོན་སྤྱི་འཐུས་ཚེ་ རིང་སྒྲོལ་མ་ལགས་དང་། བདམས་ཐོན་སྤྱི་འཐུས་བསོད་ནམས་ དབང་མོ་ལགས་རྣམ་གཉིས་ནས་ཀྱང་དེ་ མཚུངས་ཞུས་གྲུབ་མཚམས་དཔལ་ལྡན་ཚོ གས་གཞོན་མཆོག་གི་མདུན་ནས་ལས་ཁུ ར་དམ་འབུལ་ཞུས་གནང་སོང་།
སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོ ག་གིས་བོད་མི་མང་སྤྱི་འཐུས་རྒྱུ ན་ལས་རྣམ་པ་དང་། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ ཞུས་ཏེ་གསར་དུ་དམ་འབུལ་ཞུས་པའི་ སྤྱི་འཐུས་རྣམ་པར་འཚམས་འདྲི་དང་ སྦྲགས་གསུང་དོན། རྩ་བའི་སྐབས་བཅུ་དྲུག་པའི་སྤྱི་ འཐུས་ཀྱི་ལས་ཡུན་ཁྱུར་ལ་ཉེ་བ་ཡི ན་པ་དང་། དུས་ཚོད་ཐུང་ཐུང་མ་གཏོགས་ལྷག་མེ ད་ཀྱང་རྣམ་པ་ཚོ་དང་ལྷན་སྐབས་བཅུ ་དྲུག་པའི་སྤྱི་འཐུས་ལྷན་ཚོགས་ ནང་ཕྱག་ལས་གནང་རྒྱུའི་གོ་སྐབས་ བཟང་པོ་ཐོབ་པར་དགའ་སྤོབས་ཆེན་པོ ་བྱུང་ཞེས་དང་། སྤྱིར་འཛམ་གླིང་སྤྱི་དང་། ལྷག་པར་རྒྱ་གར་ནང་རྒྱ་ནག་ཝུ་ ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་ རིམས་རྐྱེན་པས་འགྲུལ་བཞུད་སོགས་ ལ་དཀའ་ངལ་ཡོད་ཀྱང་དེ་རིང་བདམས་ ཐོན་སྤྱི་འཐུས་རྣམ་གཉིས་ལས་ཁུར་ དམ་འབུལ་ཐོག་ཕེབས་ཐུབ་ཡོད་རེད།
༸གོང་ས་མཆོག་ནས་མི་མང་ལ་མང་གཙོ་ གསོལ་རས་གནང་ནས་ལོ་ངོ་ ༦༠ འཁོར་བའི་མང་གཙོའི་དུས་ཆེན་ན་ནི ང་ཕྱི་ཟླ་ ༩ ཚེས་ ༢ ལ་སྲུང་བརྩི་ཞུས་པ་རེད། སྐབས་དེར་ནད་ཡམས་རྐྱེན་པས་དུས་ ཆེན་སྲུང་བརྩི་དེ་ཙམ་རྒྱས་པོ་ཞུ ས་ཐུབ་ཡོད་མ་རེད། སྲུང་བརྩི་རྒྱས་པོ་ཞུ་རྒྱུ་གལ་ ཆེན་པོ་ཡིན་ཡང་། དེ་ལས་ལྷག་པ་དེ། སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱི ་ལས་ཡུན་ཁྱུར་ལ་ཉེ་དུས། ལས་དོན་ཁག་མཇུག་འདེད་ཡག་པོ་གནང་ རྒྱུ་དེ་ཧ་ཅང་གནད་འགག་ཆེན་པོ་ཡི ན་པ་དང་། དེ་ཚད་ལྡན་ཡོང་རྒྱུར་སྤྱི་འཐུས་ ཡོངས་རྫོགས་ནས་འགན་ཁྱེར་དགོས་པ་ གལ་ཆེན་པོ་ཡིན་པ་དང་། དེ་བཞིན་༧རྒྱལ་བ་རིན་པོ་ཆེ་ཐུ གས་ཕམ་མི་ཡོང་བ་དང་། གཞིས་བཞུགས་སྤུན་ཟླ་ཚོ་བློ་མི་ ཞུམ་པ་གནང་རྒྱུ་ཚང་མའི་འགན་རེད་ ཅེས་དང་། ང་རང་ལྟ་བུར་མཚོན་ན། དབུས་གཙང་རྒྱ་ཆེའི་མི་མང་ནས་ལོ་ ༡༥ རིང་སྤྱི་འཐུས་སུ་འོས་འདེམས་ གནང་བ་དང་། ལོ་ལྔའི་རིང་སྤྱི་འཐུས་རྣམ་པས་ ཚོགས་གཞོན་དུ་འོས་འདེམས་གནང་བ་ རེད། ད་ལྟ་བར་དུ་འགན་ཁུར་ཧུར་ཐག་ཞུས་ པ་དང་། མ་འོངས་པར་ལས་ཁུར་མ་ཁྱུར་བར་མུ་ མཐུད་འགན་ཁུར་ཧུར་ཐག་ཞུ་རྒྱུའི་ དམ་བཅའ་བརྟན་པོ་ཡོད་ཅེས་གསུངས་ གནང་སོང་།
གྲོས་ཚོགས་འཕར་མ་འཚོགས་རྒྱུའི་ དགོངས་དོན་གཞིར་བཟུང་། ནམ་རྒྱུན་བཞིན་རྩིས་སྐོར་དུས་ཚོ ད་གཏན་འབེབས་གནང་སྟེ། ཕྱི་ཟླ་ ༥ ཚེས་ ༢༠ ཉིན་གྲོས་ཚོགས་འཕར་མ་འཚོགས་རྒྱུ འི་གསལ་བསྒྲགས་གནང་བ་རེད། ད་ལྟའི་ཏོག་དབྱིབས་ནད་ཡམས་ཀྱི་ གནས་སྟངས་ཐོག་ནས་རྐྱེན་ངན་འཕྲད་ ན་མ་གཏོགས། གཞན་ལྷན་ཚོགས་གོང་ཚེས་ཉིན་འཚོ གས་རྒྱུའི་གསལ་བསྒྲགས་གནང་ཟིན་ པ་རེད། ང་ཚོ་ཚང་མས་བོད་སྤྱི་པའི་འཐབ་རྩོ ད་ཐོག་མཉམ་རུབ་ཀྱི་ནུས་པ་སྤུངས་ དགོས་པ་གལ་ཆེན་པོ་ཡིན་སྐོར་སོ གས་གསུངས་གནང་སོང་།
དེ་ནས་ཚང་མར་རྟེན་འབྲེལ་གསོལ་ཇ་ འབྲས་སིལ་འདེགས་འབུལ་ཞུས་རྗེས་ དམ་འབུལ་མཛད་སྒོ་ལེགས་གྲུབ་གནང་ སོང་། དེ་རྗེས་འདུ་འཛོམས་ཁང་དུ་དཔལ་ལྡ ན་ཚོགས་གཞོན་མཆོག་གིས་གཙོས་སྤྱི ་འཐུས་རྒྱུན་ལས་རྣམ་པས་སྤྱི་འཐུ ས་ཚེ་རིང་སྒྲོལ་མ་ལགས་དང་། སྤྱི་འཐུས་བསོད་ནམས་དབང་མོ་ལགས་རྣམ་གཉིས་ལ་འཚམས་འདྲིའི་མཇལ་ དར་དང་། དཔལ་ལྡན་ཚོགས་གཞོན་མཆོག་གིས་ཚོ གས་གཞོན་ལས་ཁུངས་སུ་དམ་འབུལ་ཟི ན་པའི་སྤྱི་འཐུས་རྣམ་པ་གཉིས་ལ་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ནས་པར་བསྐྲུན་ཞུས་པའི་བཅའ་ཁྲི མས་དང་། སྒྲིག་གཞིའི་དཔེ་དེབ་སོགས་འགྲེ ལ་བརྗོད་སྙིང་བསྡུས་དང་བཅས་ཕུལ་ གནང་སོང་།
སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་ ནི། ཕྱི་ལོ་ ༡༩༧༨ ཟླ་ ༥ ཚེས་ ༢༦ ཉིན་རྒྱ་གར་བྱང་ཤར་མེག་གྷ་ལ་ཡའི ་མངའ་སྡེའི་ཤེས་ལོངས་ས་གནས་སུ་ འཁྲུངས་པ་དང་། ༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་ དྲིན་ལ་བརྟེན་ནས་ཆུང་དུས་ནས་སློ བ་སྦྱོང་བྱ་རྒྱུའི་གོ་སྐབས་ཐོབ། རྡོར་གླིང་བོད་མིའི་གཏན་སློབ་ ནས་འཛིན་རིམ་བཅུ་གཉིས་ཐོན། དེ་རྗེས་ཤེས་ལོངས་ནང་རྟེན་གཞི་ བྱས་པའི་ནེ་ཧུ་ (North Eastern Hill University-NEHU) གཙུག་ལག་སློབ་གཉེར་ཁང་ནས་ལོ་གསུ མ་རིང་སློབ་སྦྱོང་བྱས་ནས་ཉེ་བའི ་གཙུག་ལག་རབ་འབྱམས་པ་སློབ་མཐར་ ཕྱིན། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོ གས་ཀྱི་ཚོགས་མི་དང་། རྒྱུན་ལས། དྲུང་ཆེ་བཅས་གནང་། དེ་རྗེས་ས་གནས་བོད་ཀྱི་བུད་མེད་ ལྷན་ཚོགས་ཀྱི་ཚོགས་མི་དང་། དྲུང་ཆེ་གནང་། གཞན་ཡང་གཞུང་དང་གཞུང་འབྲེལ་མ་ཡི ན་པའི་ལས་འགུལ་དང་། ལྷག་པར་ཕྱི་ལོ་ ༢༠༡༣ ལོར་བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ ལྡི་ལིར་ཆབ་སྲིད་ལས་འགུལ་ཆེན་མོ ་སྤེལ་སྐབས་དང་བླངས་ཐོག་མཉམ་ཞུ གས་གནང་།
དེ་བཞིན་ཤེས་ལོངས་ས་གནས་མདོ་སྟོ ད་འོས་བསྡུའི་ཚོགས་མིའི་འགན་ཁུ ར་ཐོག་དེ་སྔོན་སྲིད་སྤྱི་གཉིས་ ཀྱི་སྔོན་འགྲོའི་འོས་བསྡུའི་ལས་ དོན་ཚགས་ཚུད་ལེགས་སྒྲུབ་གནང་། ཤེས་ལོངས་ས་གནས་ཆུ་སྒང་གི་ཚོགས་ མི་དང་། དེང་གི་ཆར་ཤེས་ལོངས་མི་མང་ནས་ཐུ གས་རེ་ཆེན་པོས་ས་གནས་འཐུས་ཚོགས་ སུ་བདམས་ཐོན་དང་། ས་གནས་འཐུས་མི་རྣམ་པས་ཤེས་ལོངས་ ས་གནས་འཐུས་མིའི་ཚོགས་གཙོར་འོས་ འདེམས་ཀྱིས་ལས་ཁུར་དམ་འབུལ་ཞུས་ ཐོག་ལས་དོན་འགན་ཁུར་གནང་བཞིན་ཡོ ད།
སྤྱི་འཐུས་བསོད་ནམས་དབང་མོ་ལགས་ནི། ཕྱི་ལོ་ ༡༩༧༢ ཟླ་ ༨ ཚེས་ ༡༨ ཉིན་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུ ན་དོན་གྲུབ་གླིང་གཞིས་ཆགས་སུ་ཕ་ སྟག་ལུང་དགེ་འདུན་བླ་མ་དང་། མ་ཚེ་རིང་མཚོ་གཉིས་ཀྱི་བུ་མོར་ འཁྲུངས་ཤིང་། ཐོག་མར་རྒྱ་གར་ར་ཇཱ་རམ་མོ་ཧན་རོཡེ་ (Raja Ram Mohan Roy Academy School,Dehradun) སློབ་གྲྭ་འགྲིམས་པ་དང་། རིམ་པས་ཌི་ཨེ་ཝི་ (DAV (PG) College,Dehradun) མཐོ་སློབ་དང་། ཨིག་ནོ་ (IGNOU) གཙུག་ལག་སློབ་གཉེར་ཁང་བཅས་ལ་སློ བ་སྦྱོང་གནང་ནས་ཕྱི་ལོ་ ༢༠༡༩ ལོར་ཨིན་ཡིག་སློབ་ཚན་ཐོག་སློབ་ དཔོན་ཆེན་མོའི་ལག་འཁྱེར་བླངས་ཡོ ད། དེ་ནས་རྒྱ་གར་མཐོ་སློབ་ (Account Age) ནས་ (Diploma in Accountancy) རྩིས་དང་། གློག་ཀླད་སོགས་ཀྱི་ཐོག་ལ་ཆེད་ ལས་ལག་འཁྱེར་ཐོབ་ཡོད། ད་ལྟ་ (Unison World School, Administration Department) ཞེས་པའི་སློབ་གྲྭའི་ནང་རྒྱལ་ སྤྱིའི་སློབ་གྲྭའི་མཐུན་སྦྱོར་ གྱི་ཕྱག་ལས་གནང་བཞིན་ཡོད།
རྒྱ་གར་མཐོ་སློབ་ཁག་ནས་སློབ་ མཐར་ཕྱིན་རྗེས། བོད་མི་རིགས་ལ་ཞབས་ཞུ་སྒྲུབ་འདོ ད་ཡོད་པ་ལྟར། དོན་གྲུབ་གླིང་གཞིས་ཆགས་ཀྱི་སློ བ་གྲྭའི་ནང་ལོ་བཞིའི་རིང་ཨིན་ཡི ག་དགེ་རྒན་གྱི་ཞབས་འདེགས་ཞུས་པ་ དང་། དེ་ནས་ཕྱི་ལོ་ ༡༩༩༧ ནས་ ༢༠༠༢ བར་སྡེ་ར་ལྡུན་མདོ་སྨད་ས་གནས་རྒྱུ ན་ལས་དང་། དོན་གྲུབ་གླིང་ས་གནས་གྲོས་ཚོགས་ ཀྱི་ཚོགས་མིའི་ལས་འགན་གཅིག་ལྕོ གས་གནང་བ་མ་ཟད། ས་གནས་འོས་བསྡུའི་འཐུས་མི་ལོ་ལྔ ་དང་འོས་བསྡུའི་ཚོགས་གཙོའི་འགན་ ཡང་ཁུར་མྱོང་ཡོད།
ཕྱི་ལོ་ ༢༠༠༣ ནས་ ༢༠༠༦ བར་མདོ་སྨད་དབུས་རྒྱུན་ལས་ཀྱི་ དཔལ་འབྱོར་འགན་འཛིན་དང་། ཕྱི་ལོ་ ༢༠༠༦ ནས་ ༢༠༠༩ བར་མདོ་སྨད་དབུས་རྒྱུན་གྱི་དྲུ ང་ཆེ། མདོ་སྨད་དབུས་རྒྱུན་ཡིག་ཚང་གི་ རྒྱུན་བཞུགས་ལས་བྱེད། དེ་བཞིན་མདོ་སྨད་ཨ་ཁུ་པད་མ་ཟློ ས་གར་ཚོགས་པའི་འགན་འཛིན་སོགས་ཀྱི ་ཞབས་ཞུ་སྒྲུབ་ཡོད་པ་བཅས། །