༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་དང་། དབུས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་དང་རྡ་ས་བདེ་ལེགས་སྨན་ཁང་གི་འགན་འཛིན་བཅས་དང་ལྷན་ད་བར་གྱི་ལས་དོན་བྱེད་ཕྱོགས་ཐད་རྒྱུས་ལོན་གནང་ཡོད་པ་མ་ཟད། ཕྱི་ཚེས་ ༢༨ ཉིན་བཞུགས་སྒར་རྡ་ས་ཁུལ་གྱི་འགོག་དབྱེ་ཟུར་འཇོག་ཁང་ཁག་ཏུ་ཡོད་པའི་ནད་པ་དང་དེའི་ཐོག་ལས་དོན་བྱེད་པོ་རྣམས་དང་ཐུག་འཕྲད་ཀྱིས་དངོས་ཡོད་གནས་སྟངས་ལ་གཟིགས་ཞིབ་གནང་ཡོད།
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བདེ་ལེགས་སྨན་ཁང་གི་ནད་པ་འདྲེན་འཁོར་གསར་པ་དབུ་འབྱེད་གནང་ཡོད་པ་བཅས། །