༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༦ ཉིན་བོད་མིའི་སྒྲིག་འཛུགས་འཕྲོ
དང་པོ། ད་བར་ཟླ་གྲངས་བཅོ་ལྔ་ཙམ་རིང་ས་
ད་བར་ཧ་ཅང་ཧུར་ཐག་གནང་སོང་། སྟོབས་ཆེན་རྒྱལ་ཁབ་ཚུན་ཆད་སྦོ་
ཉེ་ཆར་ཕྲན་རང་ཨ་རིར་མ་ཐོན་པའི་
བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་
བོད་མིའི་སྒྲིག་འཛུགས་ཡིན་ནའང་
རྒྱ་གར་གཞུང་གི་བཀའ་དྲིན་ལ་བརྟེ
སྤྱིར་དབུས་ནས་སྔོན་ཁབ་ཉོ་རྒྱུ
དེ་བཞིན་འཚོ་རླུང་དང་སྨན་སླད་
བཀའ་ཤག་ནས་ད་བར་མ་དངུལ་རང་ནས་
གཞན་ཡང་ཉེ་ཆར་བོད་མི་མང་སྤྱི་
དེ་རྗེས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཟླ་མཛེས་ལགས་ཀྱིས་གསུང་དོན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༢༥ དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༧ ནང་གི་བོད་མི་གྲངས་ ༡༥༥༡ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདས་པའི་བདུན་ཕྲག་ནང་མི་གྲངས་ ༡༠༧ ལ་ཁ་པར་བརྒྱུད་སེམས་ཁམས་འཕྲོད་བསྟེན་སྐོར་སློབ་གསོ་གནང་ཐུབ་པ་བྱུང་ཡོད་པ་དང་། ནད་ཡམས་ཁྱབ་བརྡལ་སྔོན་འགོག་སླད་བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་བོད་མི་གྲངས་ ༡༦༦༡ དང་། བལ་ཡུལ་ནང་གི་བོད་མི་གྲངས་ ༤༥ ཙམ་ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད། རྒྱ་གར་ནང་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་ནས་ད་བར་ཁྱོན་མི་གྲངས་ ༡༥༧༣༤ ལ་སྔོན་འགོག་སྨན་ཁབ་བརྒྱབ་ཐུབ་པ་བྱུང་ཡོད།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་སྐྱེས་པ་གྲངས་ ༢༥༦ དང་བུད་མེད་གྲངས་ ༢༢༨ བཅས་ཁྱོན་མི་གྲངས་ ༤༨༤ བྱུང་ཡོད་པའི་ཁྲོད་ནས་དགུང་ན་མཐོ་ཤོས་དེ་ལོ་ན་ ༨༧ སོན་པ་དང་ཆུང་ཤོས་དེ་ཟླ་བ་ ༨ ཡིན། བློ་ཕམ་པ་ཞིག་ལ་བདུན་ཕྲག་འདིའི་ནང་མི་གྲངས་ ༨ འདས་གྲོངས་སུ་གྱུར་འདུག
ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༢༩༣༤ བྱུང་ཡོད་པ་དང་དྲག་སྐྱེད་བྱུང་བ་མི་གྲངས་ ༡༨༠༤ འདས་གྲོངས་སོང་བ་མི་གྲངས་ ༦༡ ད་ལྟ་ནད་མནར་གསོ་བཅོས་གནང་བཞིན་པ་མི་གྲངས་ ༡༠༦༩ ཡོད། ཅེས་གསུངས། །