༄༅། །ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་བློན་ཆེན་གཞོན་པ་ཟུར་པ་སྐུ་ཞབས་མར་ཊིན་བྷུར་སི་ (Martin Bursi) མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་གནང་འདུག
དེ་ཡང་སྐུ་ཞབས་མར་ཊིན་བྷུར་སི་མཆོག་གིས་འཚམས་འདྲི་ནང་འཁོད་དོན། སྐུ་ཉིད་མཆོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་བདམས་ཐོན་བྱུང་བར། ངས་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན་པས་སྐུ་ཉིད་ནས་ཞལ་བཞེས་གནང་རོགས། ཞེས་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་མང་གིས་བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་གི་གལ་གནད་སྐོར་རྟོགས་ཐུབ་ཀྱི་ཡོད།
ངས་སྲིད་སྐྱོང་གསར་པ་མཆོག་དང་ཁོང་གི་འཛིན་སྐྱོང་ལྷན་དུ་མང་གཙོ་དང་རང་དབང་སླད་དུ་རྒྱབ་སྐྱོར་གྱིས་མཉམ་ལས་བྱ་རྒྱུར་རེ་ལྟོས་བྱེད་བཞིན་ཡོད། ང་ཚོས་དགའ་སྤྲོའི་ངང་ནས་སྲིད་སྐྱོང་མཆོག་ཅེག་རྒྱལ་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པི་རག་ལ་མགྲོན་འབོད་ཞུ་རྒྱུ་ཡིན། སྲིད་སྐྱོང་མཆོག་ལ་མགྱོགས་མྱུར་པི་རག་གམ་བཞུགས་སྒར་རྡ་སར་མཇལ་འཕྲད་ཞུ་ཐུབ་པའི་རེ་བ་ཡོད། ཅེས་གསུངས།།