༄༅། །འདི་གར་ཨོ་སི་ཀྲོ་ལི་ཡ་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཨོ་སི་ཀྲོ་ལི་སྐུ་ཚབ་དོན་གཅོད་གསར་པ་ཀརྨ་སེང་གེ་ལགས་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༤ ཉིན་རྒྱལ་ས་ཁེན་སྦེ་རའི་གནམ་ཐང་དུ་འབྱོར་སྐབས་སྐུ་ཚབ་དོན་གཅོད་ལས་ཐོག་མཚོ་སྒོ་ལྷག་པ་ལགས་དང་། དོན་ཁང་དྲུང་ཆེ་ལྷ་དབང་རྒྱལ་པོ་ལགས། ཨོ་གླིང་རྒྱལ་ཡོངས་དང་ཨེ་སི་ཊི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་སྐལ་བཟང་ཡོན་ཏན་ལགས། མི་མང་བཅས་ནས་ཕེབས་བསུ་ཞུས་ཡོད། ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༦ ནས་ ༡༤ བར་རྩིས་སྤྲོད་རྩིས་ལེན་གྱི་ལས་རིམ་དང་ས་གནས་ཀྱི་འབྲེལ་ཡོད་མི་སྣ་ཁག་ངོ་སྤྲོད་ཞུ་རྒྱུ་ཡིན་པ་བཅས། །
གསར་གནས།
འབྲེལ་གནས།