༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༨ ཉིན་བོད་མི་མང་དབུས་གཙང་སྤྱི་ འཐུས་དང་ཚོགས་གཙོ་པདྨ་འབྱུང་ གནས་མཆོག་དང་། བོད་མི་མང་མདོ་སྨད་སྤྱི་འཐུས་བློ ་བཟང་ཆོས་འབྱོར་ལགས་རྣམ་གཉིས་ ནས་སྐབས་ ༡༦ པའི་སྤྱི་འཐུས་ནས་རྩ་དགོངས་ཞུས་ པར་བརྟེན། ཕྱི་ཟླ་ ༤ ཚེས་ ༡༦ ཉིན་དབུས་གཙང་སྤྱི་འཐུས་བསྟན་ འཛིན་འཇམ་དབྱངས་ལགས་དང་། མདོ་སྨད་སྤྱི་འཐུས་དགེ་བཤེས་ གངས་རི་ལགས་རྣམ་གཉིས་སྤྱི་འཐུ ས་རྒྱུན་ལས་སུ་ཕེབས་གནང་ཡོད།
དེ་ཡང་ཕྱི་ཚེས་ ༢༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༠༠ ཐོག་སྤྱི་འཐུས་རྒྱུན་ལས་ཚོགས་ ཁང་ནང་སྤྱི་འཐུས་རྒྱུན་ལས་རྣམ་ པ་ལྷན་འཛོམས་ཐོག་དཔལ་ལྡན་བོད་མི ་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ ཡེ་ཤེས་ཕུན་ཚོགས་མཆོག་གིས་གསར་ དུ་ཕེབས་པའི་སྤྱི་འཐུས་རྒྱུན་ ལས་རྣམ་པ་གཉིས་ལ་འཚམས་འདྲི་དང་ སྦྲགས་གསུང་དོན། ཉེ་ཆར་དམ་འབུལ་སྐབས་ཞུས་པ་གཞིར་ བཟུང་སྐབས་བཅུ་དྲུག་པའི་སྤྱི་ འཐུས་ཀྱི་ལས་ཡུན་ཟླ་གཅིག་ལྷག་ ཙམ་མ་གཏོགས་མེད་ཀྱང་། རྒྱུན་ལས་ལ་ལས་འགན་མང་པོ་ཡོད།
སྤྱི་འཐུས་རྒྱུན་ལས་ཀྱི་ལས་དོན་ ཡོངས་རྫོགས་རེ་རེ་བཞིན་སྙན་གསན་ ཞུ་མི་དགོས་པར་རྣམ་པ་ཚོས་ཡིག་ ཆའི་ངོ་བོའི་ཐོག་ནས་མཁྱེན་གྱི་ རེད། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུ ངས་སྤྱི་ཡོངས་ལྟར། སྤྱི་འཐུས་རྒྱུན་ལས་རྣམ་པ་ལས་ བཅར་ཞུ་བཞིན་ཡོད་པ་དང་། ནམ་རྒྱུན་ཡིན་ན་བདུན་ཕྲག་གཅིག་ ལ་རྒྱུན་ལས་ལྷན་འཛོམས་ཐེངས་གཉི ས་རེ་ངེས་པར་དུ་འཚོགས་གནང་དགོས་ ཀྱང་། ཉེ་བའི་ཆར་ཏོག་དབྱིབས་གཉན་རིམས་ ཀྱི་རྐྱེན་པས་སྐབས་རེ་བདུན་ཕྲག་ གཅིག་ལ་ཐེངས་གཅིག་མ་གཏོགས་འདུ་ འཛོམས་གནང་ཐུབ་ཀྱི་མེད། འོན་ཀྱང་ལས་དོན་མང་པོ་ཞིག་མཇུག་ སྒྲིལ་གནང་གི་ཡོད་ཙང་། རྒྱུན་ལས་རྣམ་པའི་ངོས་ནས་དགོངས་ པ་ཞུ་མི་དགོས་པ་གཙོ་འདོན་གནང་རོ གས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་གནང་རྗེས། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི ་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོ གས་ཆུང་ལོ་དུས་ལྔ་པའི་སྡེ་ཚན་ དང་། སྤྱི་འཐུས་མི་འགྲོ་ཆ་བགོས་ཞུས་ ཡོད་པར་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༦ ནས་བསྐྱར་བཅོས་ཞུས་ཡོད་པ་གསལ་ བསྒྲགས་གནང་བ་དང་། དེ་བཞིན་ད་རེས་ཆབ་སྲིད་སྡེ་ཚན་ དུ་སྤྱི་འཐུས་རྒྱུན་ལས་མང་བ་ བཞག་དགོས་དོན་ནི། ཉེ་བའི་གྲོས་ཚོགས་ནང་སྤྱི་འཐུས་ མང་པོས་དུས་ཚོད་རིང་ཐུང་ལ་མ་ལྟོ ས་པར་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ དགོས་ཀྱི་འདུག་གསུངས་པ་གཞིར་བཟུ ང་དེ་ལྟར་བཞག་པ་ཡིན་ཞེས་གསུངས་ གནང་སོང་།
བོད་མི་མང་སྤྱི་འཐུས་རྒྱུན་ལས་ ཚོགས་ཆུང་གི་སྒྲིག་གཞི་དོན་ཚན་ དྲུག་པ། རྒྱུན་ལས་ཀྱི་སྡེ་ཚན་ཞེས་པའི་འོ ག་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡ ནས་ ༢༠༢༡ ཟླ་ ༥ ཚེས་ ༣༡ བར་སྐབས་བཅུ་དྲུག་པའི་བོད་མི་ མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུ ན་ལས་ཚོགས་ཆུང་ལོ་དུས་ལྔ་པའི་སྡེ ་ཚན་དང་། སྤྱི་འཐུས་མི་འགྲོ་ཆ་བགོས་ཞུས་ ཡོད་པར་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༦ ནས་བསྐྱར་བཅོས་ཞུས་པ་གཤམ་གསལ། རྒྱུན་འབྲེལ་སྡེ་ཚན་དུ་སྤྱི་འཐུ ས་མཁན་པོ་བསོད་ནམས་བསྟན་འཕེལ་ ལགས་དང་། སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ ་ཤིས་ལགས། ཆབ་སྲིད་སྡེ་ཚན་དུ་སྤྱི་འཐུས་ དགེ་བཤེས་སྨོན་ལམ་མཐར་ཕྱིན་ལ གས་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ ལགས། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས། སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་ ལགས། སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་ ལགས། སྤྱི་འཐུས་དགེ་བཤེས་གངས་རི་ལགས། དེ་བཞིན་འཛིན་སྐྱོང་རྟོག་ཞིབ་སྡེ ་ཚན་དུ་སྤྱི་འཐུས་མཁན་པོ་ཀཿབྲག་ དངོས་གྲུབ་བསོད་ནམས་ལགས་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ ་བོ་བློ་བཟང་ཕན་བདེ་ལགས་བཅས་ལ་ ཐུགས་གཏན་འཁེལ་གནང་སྟེ་དངོས་སུ་ ལས་འཁུར་ཞུས་གནང་ཡོད་པ་བཅས། །