༄༅། །རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་མན་མོ་ཧན་སིངྒ་(Dr. Manmohan Singh) མཆོག་ལ་ཏོག་དབྱིབས་གཉན་རིམས་འགོས་པའི་གནས་ཚུལ་ཐོན་པར། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༢༠ ཉིན་སྲིད་བློན་ཟུར་པ་སྐུ་ཞབས་མན་མོ་ཧན་སིངྒ་མཆོག་ལ་གདུང་སེམས་མཉམ་སྐྱེའི་གསུང་འཕྲིན་ཞིག་བསྩལ་བའི་ནང་འཁོད་དོན།
ངོས་ཀྱིས་སྐུ་ཉིད་མཆོག་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡོད། སྐུ་ཉིད་མཆོག་གིས་མཁྱེན་གསལ་ལྟར། ངོས་ཀྱིས་སྐུ་ཉིད་མཆོག་ངོས་ཀྱི་གྲོགས་པོ་རྙིང་པ་ཞིག་ཏུ་རྩི་ཡི་ཡོད་པ་མ་ཟད། སྐུ་ཉིད་མཆོག་ལ་བརྩི་བཀུར་ཧ་ཅང་ཞུ་གི་ཡོད། ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་འཛམ་གླིང་གི་རྒྱལ་ཁབ་ཚང་མར་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད་སྟབས། ངོས་ཀྱིས་ནམ་ཡམས་འདི་གང་མགྱོགས་ཞི་བའི་རེ་བ་བྱེད་ཀྱི་ཡོད། ཐུགས་སྨོན་དང་བཅས། ཞེས་འཁོད།།
གསུང་འཕྲིན་ངོ་མ་ཨིན་ཡིག་ཐོག་སྩལ་ཡོད་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།