༄༅། །བོད་ཀྱི་ཟློས་གར་ཚོགས་པའི་བོུའི་སྡོད་ཁང་དུ་མ་ཚབ་ཅིག་དགོས་མཁོ་ཡོད་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་ནས་འཚང་སྙན་དང་ཡིག་ཆ་རྣམས་གློག་འཕྲིན་བརྒྱུད་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱི་མཚན་ཐོག་འབུལ་གནང་ཡོང་བ་ཞུ།
- རང་ལོ་ ༣༥ ལས་མ་ཉུང་བ་དང་ ༤༥ ལས་མ་བརྒལ་བ།
- ཕྲུ་གུ་ལོ་ ༥ མན་མཉམ་སྦྱར་མེད་པ་དང་། བསྐོ་གཞག་རྗེས་མངལ་ཆགས་མཚམས་ལས་གནས་ནས་རྩ་དགོངས་བསྩལ་རྒྱུ།
- བོད་མིའི་དྭང་བླངས་དཔྱ་དངུལ་ ༢༠༢༡།༠༣།༣༡ བར་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ངོ་བཤུས།
- གནས་ཡུལ་རྒྱ་གར་ནང་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་གྱི་ངོ་བཤུས།
- ཚད་ལྡན་སྨན་ཁང་ནས་འགོས་ནད་རིགས་མེད་པའི་སྨན་པའི་ངོས་སྦྱོར་ངོ་མ།
- ཚོགས་སྡེ་གང་རུང་ནང་ཕྱག་ལས་གནང་མུས་ཡིན་ཚེ་ལས་ཡུལ་དེ་ནས་དགག་བྱ་མེད་པའི་ངོས་སྦྱོར།
- རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར་ངོ་མ་འབུལ་རྒྱུ།
- མ་ཚབ་ཀྱི་ལས་འགན་ཐོག་ཉམས་མྱོང་ཡོད་མཁན་ནམ་མ་ཚབ་ཟབ་སྦྱོང་ཐོབ་མྱོང་མཁན་རྣམས་ལ་དམིགས་བསལ་དགོངས་བཞེས་གནང་རྒྱུ།
ཐུགས་སྣང་།
- ཕོགས་དང་ཐོབ་ཐང་མཐུན་རྐྱེན་གཞན་ཇི་ཡོད་བོད་ཀྱི་ཟློས་གར་ཚོགས་པའི་རྩ་འཛིན་སྒྲིག་གཞི་ལྟར་འཐོབ་རྒྱུ།
གོང་གསལ་ཆ་རྐྱེན་ལྡན་རིགས་ནས་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༣༠ འགྱངས་མེད་གོང་གསལ་ཡིག་ཆ་ངོ་བཤུས་རྣམས་ལ་ས་གནས་འགོ་འཛིན་ནམ་གཞུང་ཞབས་ཟུང་དྲུང་གནས་རིམ་ཡན་ནས་དག་མཆན་བཀོད་དེ་གཤམ་གསལ་གློག་འཕྲིན་ཁ་བྱང་ (Email) ཐོག་གཏོང་རྒྱུ། ཆ་རྐྱེན་ཚང་བའི་ཞུ་སྙན་ཕུལ་མཁན་རྣམས་ལ་འདེམས་རྒྱུགས་ཀྱི་ཚེས་ཆ་སྐབས་མཚམས་འབྲེལ་བ་ཞུ་རྒྱུ་བཅས། བོད་ཀྱི་ཟློས་གར་ཚོགས་པའི་ཡིག་ཚང་ནས་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༦ ལ།།
Director,
TIPA,
Mcleod Ganj,
Distt. Kangra-176219 H.P.
Contact No: 01892221478 Email: [email protected]