༄༅། །བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ གི་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ ཚོགས་འདུ་ཐེངས་འདུན་པ་དེ་ཕྱི་ལོ ་ ༢༠༢༡ ཕྱི་ཟླ་ ༨ ཚེས་ ༡༨ ནས་ ༢༠ བར་ཉིན་གསུམ་རིང་དྲྭ་ཐོག་ནས་ཚོ གས་རྒྱུར་གཏན་འཁེལ་ཡོད་། འདི་ལོའི་ཉམས་ཞིབ་ཚོགས་འདུའི་ ནང་རྒྱ་གར་གཙོས་པའི་རྒྱལ་སྤྱིའི ་གཙུག་ལག་སློབ་ཆེན་ནང་བོད་རིགས་ སློབ་མ་འབུམ་རམས་པ་དང་། ཉེ་བའི་འབུམ་རམས་པ། གཙུག་ལག་རབ་འབྱམས་པ། དེ་བཞིན་ཉམས་ཞིབ་ལྟེ་གནས་ཁང་འདྲ ་མིན་ནང་ཉམས་ཞིབ་གནང་བཞིན་པའི་ ཉམས་ཞིབ་པ་རྣམས་ནས་སོ་སོའི་སློ བ་ཚན་དང་འབྲེལ་བརྗོད་གཞིའི་ཐོག་ བོད་ཀྱི་ཆབ་སྲིད་དང་རིག་གཞུང་། མི་རིགས། ཆོས་འབྱུང་དང་རྒྱལ་རབས། ཁོར་ཡུག་སོགས་དང་འབྲེལ་བའི་གཏམ་ བཤད་དང་དཔྱད་རྩོམ་གནང་རྒྱུ།
ཚོགས་བཅར་དེབ་སྐྱེལ།
- ཚོགས་བཅར་གནང་འདོད་ཡོད་པ་རྣམས། ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༡༠ རེས་གཟའ་ཟླ་བ་ཆུ་ཚོད་༥འགྱངས་མེ
ད་དྲྭ་རྒྱའི་དེབ་སྐྱེལ་གནང་དགོ ས་པ། - དྲྭ་རྒྱའི་དེབ་སྐྱེལ་གནང་སྐབས་
རྩོམ་ཡིག་སྙིང་བསྡུས་ཚིག་འབྲུ་ ༢༥༠ ལས་མི་ཉུང་བ་དང། ༣༠༠ ལས་མི་མང་བ་དང་སོ་སོའི་ལོ་རྒྱུ ས་ཚིག་འབྲུ་ ༢༠༠ ཙམ་དྲྭ་རྒྱའི་དེབ་སྐྱེལ་ནང་ཟུར་ སྦྱར་གཏོང་དགོས་པ། - ཚོགས་འདུ་འདིར་བོད་རིགས་སློབ་མ་
འབུམ་རམས་པ་དང་། ཉེ་བའི་འབུམ་རམས་པ། གཙུག་ལག་རབ་འབྱམས་པ། དེ་བཞིན་ཉམས་ཞིབ་ལྟེ་གནས་ཁང་ནང་ ཉམས་ཞིབ་གནང་བཞིན་པའི་ཉམས་ཞིབ་ པ་རྣམས་ནས་ཚོགས་བཅར་གནང་ཆོག - རྩོམ་ཡིག་སྙིང་བསྡུས་རྣམས་ལ་ཞི
བ་འཇུག་ཟིན་རྗེས། ༢༠༢༠ ཟླ་ ༦ ཚེས་ ༡ རེས་གཟའ་མིག་དམར་ཉིན་གཏམ་བཤད་ གནང་མཁན་དོ་བདག་སོ་སོར་འབྲེལ་བ་ ཞུ་རྒྱུ།
རྩོམ་བསྡུ་དང་འབྲེལ་བའི་གནད་དོ
- དཔྱད་རྩོམ་རྒྱས་པ་ ༢༠༢༠ ཟླ་ ༨ ཚེས་ ༡༥ རེས་གཟའ་ཉི་མའི་གོང་གཏམ་བཤད་
གནང་མཁན་དོ་བདག་སོ་སོ་ནས་འདི་ ལས་སུ་འབུལ་འབྱོར་ཟིན་པ་དགོས་རྒྱུ ། - རྩོམ་ཡིག་ཚིག་འབྲུ་ ༣༥༠༠ ལས་མི་ཉུང་བ་དང་། ༤༠༠༠ ལས་མི་མང་བ་དང་ཡིག་གཟུགས་སྨོན་
ལམ་དབུ་ཅན་༢་འབྲི་གནང་རྒྱུ། - རྩོམ་ཡིག་དང་གཏམ་བཤད་གཉིས་བོད་
ཨིན་སྐད་ཡིག་གང་རུང་བཀོད་སྤྱོད་ ཆོག།
ཚོགས་འདུའི་སྐོར་དོགས་འདྲི་ཡོད་
གློག་འཕྲིན communication@