༄༅། །བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ན་གཞོན་རོགས་སྐྱོར་ཚན་པས་ཕྱི་ལོ་ ༢༠༢༠་་་༢༠༢༡ ལོའི་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་བདུན་ནང་གནས་སྡོད་བོད་མི་གཞོན་སྐྱེས་གྲངས་སུམ་ཅུ་སོ་བཞི་ལ་སྐྱེད་ཆུང་བུ་ལོན་ཧིན་སྒོར་ ༣༩༠༠༠༠༠ ཐམ་པ་བགོ་འགྲེམས་གནང་ཡོད། ན་གཞོན་རོགས་སྐྱོར་ཚན་པའི་སྐྱེད་ཆུང་བུ་ལོན་ལས་གཞི་ནི་བོད་མི་ན་གཞོན་ལས་མེད་རྣམས་ལ་དུས་ཐུང་ལས་རིགས་སྦྱོང་བརྡར་གནང་རྗེས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་རང་ཁ་རང་གསོ་ཡོང་ཆེད་ལས་ཀའི་གོ་སྐབས་བསྐྲུན་སླད་ཡིན།
དེ་ཡང་ཕྱི་ལོ་ ༢༠༢༠་་་༢༠༢༡ ལོར་གཤམ་གསལ་ས་གནས་འགོ་འཛིན་ལས་ཁུངས་ཁག་ནས་ཁྱབ་ཁོངས་གཞོན་སྐྱེས་རྣམས་ཀྱི་ཞུ་སྙན་ལ་རྒྱབ་གཉེར་གནང་དོན་ལྟར་ཞིབ་འཇུག་མཐིལ་ཕྱིན་གནང་སྟེ་བཀའ་འཁྲོལ་གནང་བ་ཞིག་ཡིན།
ཨང་། |
ས་གནས། |
ཕོ། |
མོ། |
ཁྱོན་བསྡོམས། |
མ་དངུལ། |
༡། |
རྡ་ས། |
༢ |
་་་་ |
༢ |
༣༠༠༠༠༠་༠༠ |
༢། |
ལ་དྭགས་བསོད་ནམས་གླིང་། |
༩ |
༦ |
༡༥ |
༡༦༠༠༠༠༠་༠༠ |
༣། |
སྦེལ་ཀོབ་ལུགས་བསམ། |
༤ |
་་་་ |
༤ |
༤༠༠༠༠༠་༠༠ |
༤། |
མཚོ་པདྨ། |
་་་་ |
༡ |
༡ |
༡༠༠༠༠༠་༠༠ |
༥། |
ཀོ་ལེ་གྷལ་དོན་ལྡན་གླིང་། |
༡ |
་་་་ |
༡ |
༡༠༠༠༠༠་༠༠ |
༦། |
ཀུམ་རའོ། |
༢ |
་་་་ |
༢ |
༢༠༠༠༠༠་༠༠ |
༧། |
ར་ཝང་ལ་ཀུན་ཕན་གླིང་། |
༥ |
༤ |
༩ |
༡༢༠༠༠༠༠་༠༠ |
ཁྱོན་བསྡོམས། |
༢༣ |
༡༡ |
༣༤ |
༣༩༠༠༠༠༠་༠༠ |
བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ན་གཞོན་རོགས་སྐྱོར་ཚན་པས་བུན་གཡར་ལས་གཞི་འདི་ཉིད་ལམ་སྟོན་གཏན་འབེབས་ལྟར་ལག་བསྟར་གནང་ཡོད་པ་མ་ཟད། ལས་གཞི་འདི་ཉིད་བོད་མིའི་སྒྲིག་འཛུགས་ཀྱི་བུན་གཡར་ལས་གཞི་རྙིང་ཤོས་ཤིག་ཀྱང་ཡིན་ལ་དུས་ད་ལྟ་ཡིན་ནའང་ཚགས་ཚུད་ངང་འགྲོ་བཞིན་ཡོད། ལས་གཞི་འདི་ཉིད་ཕྱི་ལོ་ ༡༩༩༧ ལོར་ཐོག་མར་དབུ་འཛུགས་གནང་བ་ནས་བཟུང་ད་བར་བོད་མི་གཞོན་སྐྱེས་བརྒྱ་ཕྲག་བརྒལ་བར་ཚོང་ཙག་ཙིག་དང་རང་ཁ་རང་གསོའི་སླད་མཐུན་འགྱུར་གནང་ཡོད་པ་བཅས། །