༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གནད་ཡོད་མི་སྣ་མཇལ་འཕྲད་དང་། དེ་བཞིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཨ་རིའི་གཞུང་གསར་པའི་གནད་ཡོད་མི་སྣ་སོགས་མཇལ་འཕྲལ་སླད་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༦ ཉིན་གྱི་ཉིན་རྒྱབ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱོགས་ཕེབས་གནང་ཡོད།
དེ་ཡང་བཀའ་ཤག་སྐབས་ ༡༥ པའི་ལས་ཡུན་འཁྱུར་ལ་ཉེ་བར་བརྟེན་དཔལ་ལྡན་སྲིད་སྐྱོང་མཆོག་ཟླ་འདིའི་ཚེས་ ༡༦ ཉིན་གྱི་ཉིན་རྒྱབ་ལྡི་ལིར་གནད་ཡོད་མི་སྣ་དང་ཨ་རིའི་གཞུང་གསར་པའི་གནད་ཡོད་མི་སྣ་མཇལ་འཕྲལ། དེ་བཞིན་ནིའུ་ཡོག་དང་དེ་སྔོན་ཕེབས་མ་ཐུབ་པའི་ས་གནས་རེ་གཉིས་སུ་མི་མང་ཐུག་འཕྲད་དང་གསུང་བཤད་གནང་རྒྱུ་སོགས་ཀྱི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་བཅས།།