༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༦ རེས་གཟའ་མིག་དམར་ཉིན་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་དང་བདེ་སྐྱིད་སླར་གསོ་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ལས་ཁུངས་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་དང་འབྲེལ་མང་ཚོགས་ལ་གསུང་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད།དེ་ཡང་ཐོག་མར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཞྭ་སེར་བསྟན་པའི་གཙུག་རྒྱན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༤ བློ་བཟང་བསྟན་འཛིན་མཆོག་མཇལ་བཅར་ཞུས་པ་དང་སྦྲགས། འདས་པའི་ལོ་ངོ་བཅུའི་རིང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྣེ་ཁྲིད་པའི་ལས་ཡུན་ནང་ལས་དོན་གལ་ཆེ་རིགས་གང་གྲུབ་ཡོད་སྐོར་སྙན་སེང་ཞུས་པར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་བསྔགས་བརྗོད་དང་འབྲེལ་དཔལ་ལྡན་སྲིད་སྐྱོང་མཆོག་ལ་མུ་མཐུད་བོད་དོན་དང་བོད་མིའི་ཆེད་ཞབས་འདེགས་ཞུ་རོགས། ཞེས་གསུང་གནང་ཡོད།དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་ས་གནས་འགོ་ལས་ཁུངས་ནས་གོ་སྒྲིག་གནང་བའི་མཛད་སྒོར་མཉམ་ཞུགས་ཀྱིས་གསུང་བཤད་གནང་དོན། ཨ་རིའི་གྲོས་ཚོགས་གོང་འོག་ནས་ཕྱི་ལོ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་སྤྱི་མོས་ཐོག་ངོས་བཞེས་གནང་སྟེ་ཕྱི་ལོ ༢༠༢༠ ཟླ་ ༡༢ ཚེས་ ༢༧ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཌི་ཊི་རམ་ཕི་མཆོག་གིས་ཁྲིམས་འཆར་ལ་མཚན་རྟགས་བཀོད་དེ་ཁྲིམས་སུ་གཏན་འབེབས་གནང་བ་དེ་ནི་བོད་མིའི་ཁྲོད་ལོ་རྒྱུས་རང་བཞིན་ལྡན་པ་དང་གྲུབ་འབྲས་ཆེན་པོ་ཞིག་ཡིན། ཁྲིམས་དེའི་འོག་ཨ་རིའི་གཞུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཛམ་གླིང་གང་སར་གནས་པའི་བོད་མིའི་མངོན་འདོད་སྒྲུབ་བཞིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་སྲིད་སྐྱོང་མཆོག་ཡིན་པ་ངོས་འཛིན་གནང་ཡོད།ཕྱི་ལོ་ ༢༠༡༡ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་སྐབས། ཕྲན་ནས་ལས་དོན་བྱེད་ཕྱོགས་ཐད་དངངས་སྐྲག་ལྟ་བུ་ཚོར་བྱུང་ནའང་། ད་ཆ་སྤོབས་པ་ཆེན་པོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ལས་དོན་དང་རྒྱལ་སྤྱིའི་འབྲེལ་ལམ་སོགས་གང་ཅིའི་ཐད་གང་ལེགས་བྱུང་ཐུབ་ཡོད་སྐོར་སོགས་གསུངས།
མཛད་སྒོའི་ཐོག་བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག་དང་ཕྱོགས་བཞུགས་སྤྱི་འཐུས་པདྨ་བདེ་ལེགས་ལགས། ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན་གྱིས་གཙོས་ས་གནས་གཞིས་མི་ཁྱོན་མི་གྲངས་ ༥༠༠ ལྷག་ཙམ་མཉམ་ཞུགས་གནང་ཡོད།གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚོ་བྱེད་སྨན་ཁང་དང་རྒན་གསོ་ཁང་སོགས་ལ་གཟིགས་ཞིབ་དང་། ཕྱི་དྲོར་སྔ་འགྱུར་རྙིང་མའི་བཤད་གྲྭ་ཐེག་མཆོ