༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༡ རེས་གཟའ་ཉི་མའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ནས་འགོ་འཛུགས་ཀྱིས་ཕྱི་དྲོ་ཆུ་ཚོད་ ༥ བར་ཉི་ཧོང་ཁུལ་དུ་གནས་སྡོད་བོད་མི་བརྒྱ་ཆ་ ༦༧་༢ ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་སྤྱི་འཐུས་འོས་འདེམས་ཆེད་དངོས་གཞིའི་འོས་ཤོག་འཕངས་ཡོད།
དེ་ཡང་ཧོ་ཀའི་ཌོ་དང་། ན་གྷོ་ཡཱ། ས་ཏི་ཏཱ་མཱ། ཅི་པ། ཡཱ་མཱ་ནཱ་ཆི། ཀཱ་ནཱ་གཱ་ཝ། ཊོག་ཡོ་བཅས་ཀྱིས་གཙོས་ཉི་ཧོང་ནང་གི་ས་གནས་གང་ས་ནས་བོད་མི་རྣམས་ཀྱིས་མང་གཙོའི་ཁེ་དབང་ལོངས་སུ་སྤྱད་དེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་སྤྱི་འཐུས་འོས་འདེམས་ཆེད་དངོས་གཞིའི་འོས་ཤོག་འཕངས་ཡོད་པ་དང་འོས་བསྡུའི་སྒྲིག་གཞི་ལྟར་ཕྱི་ཚེས་ ༡༢ ཉིན་ས་གནས་འོས་བསྡུ་འགན་འཛིན་དང་ཚོགས་མི། ཟུར་དཔང་བཅས་འདུ་འཛོམས་ཐོག་འོས་ཤོག་གྲངས་བཤེར་གནང་རྒྱུ་ཡིན་པ་བཅས། །