༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་འཆར་དང་བོད་དོན་རྒྱབ་སྐྱོར་ཚན་པར་འཆར་འགོད་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་གཅིག་ལྕོགས་གཉིས་མོས་ཆོད་གན་ཐོག་ལས་དྲུང་གཅིག་གི་ས་མིག་གསལ་བསྒྲགས།
༡༽ ས་མིག་གྲངས། ༡ གནས་རིམ་ལས་དྲུང་།
༢༽ དགོས་མཁོའི་ཆ་རྐྱེན།
༡༽ ངོས་འཛིན་ཡོད་པའི་མཐོ་སློབ་ཞིག་ནས་གཙུག་ལག་རབ་འབྱམས་པ་སློབ་ཐོན་ལག་འཁྱེར་ཡོད་པ།
༢༽ གོང་འཁོད་ཞུ་བྱའི་ལས་དོན་ཐོག་ལས་མྱོང་ཡོད་མཁན་ལ་འདམ་ཀ་བཟང་བ་ཡོད།
༣༽ བོད་ཨིན་སྐད་ཡིག་གཉིས་ཚད་འཕེར་དགོས་པ།
༤༽ དེ་སྔ་རྒྱལ་སྤྱིའི་ཚོགས་འདུ་གོ་སྒྲིག་ཞུ་མྱོང་ཡོད་པ།
༣༽ ཆོད་གན་ལས་བྱེད་དུ་ཞུགས་རྒྱུའི་དགོས་མཁོའི་ཡིག་ཆ།
༡༽ འཚང་སྙན་མཉམ་དོ་བདག་གི་ལོ་རྒྱུས།
༢༽ དག་མཆན་འཁོད་པའི་ཤེས་ཚད་ཨང་ཤོག་དང་ལག་འཁྱེར་ (Marksheet & Degree Certificate)
༣༽ དག་མཆན་འཁོད་པའི་སྐྱེས་ཚེས་ལག་འཁྱེར་རམ་ཡང་ན་འཛིན་རིམ་ ༡༠ ཐོན་པའི་ལག་འཁྱེར།
༤༽ དག་མཆན་འཁོད་པའི་དཔྱ་ཁྲལ་ལག་དེབ་ཕྱི་ལོ་ ༢༠༢༡།༣།༣༡ བར་གཙང་འབུལ་ཟིན་པའི་ངོ་བཤུས།
༥༽ དག་མཆན་འཁོད་པའི་རྒྱ་གར་ནང་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར་ (R.C) ངོ་བཤུས།
༦༽ སྨན་ཁང་ཚད་ལྡན་ནས་གཟུགས་འབབ་ལས་འཕེར་ཡིན་པའི་ངོས་སྦྱོར་ངོ་མ་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་དག་མཆན་ལས་དམ་འཁོད་པ།
༧༽ འབྲེལ་ཡོད་ས་གནས་འགོ་འཛིན་ལས་ཁང་ནས་གཤིས་རྒྱུད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character certificate)
༨༽ ད་ལྟ་སྤྱི་སྒེར་གང་རུང་ནང་ལས་ཀ་བྱེད་མུས་རིགས་ཡིན་ན་སྡེ་ཚན་དེའི་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ།
གོང་གསལ་ཡིག་ཆའི་ངོ་བཤུས་ཚང་མར་ས་གནས་འགོ་འཛིན་ནམ། ཡང་ན་ཟུང་དྲུང་གནས་རིམ་ཡན་གྱི་དག་མཆན་ལས་དམ་དང་། མཚན་རྟགས་འཁོད་དགོས།
༤༽ རང་ལོ། ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༢༦ ཉིན་རང་ལོ་ ༢༥ ཧྲིལ་པོ་ལོན་པའམ་ ༣༥ ལས་མ་བརྒལ་བ་དགོས།
༥༽ མཐའ་མའི་འཚང་སྙན་འབུལ་དུས་ཀྱི་དུས་ཚོད་དང་ཟླ་དུས་ཚེས་གྲངས། ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༢༦ ཕྱི་དྲོ་ཆུ་ཚོད་ ༥ པའི་གོང་འབུལ་ཐུབ་པ་དགོས།
གོང་གསལ་ས་མིག་གསལ་བསྒྲགས་ཐོག་འཚང་སྙན་འབུལ་བློ་ཡོད་རིགས་ནས་སོ་སོ་ཞུ་སྙན་གློག་འཕྲིན་ཞལ་བྱང་ ([email protected]) ཡང་ན་གཤམ་འཁོད་ཞལ་བྱང་ཐོག་ངེས་འབུལ་དགོས་པ་དང་། འོས་ཆོད་ལྡན་པའི་འོས་མིར་ངག་རྒྱུགས་ཆེད་བརྡ་ཁྱབ་ཞུ་རྒྱུ་དང་། འོས་ཆོད་ཚང་བ་རྣམས་ལ་ངག་རྒྱུགས་བྱ་ཡུལ་དང་དུས་ཚོད་བཅས་གློག་འཕྲིན་བརྒྱུད་དོ་བདག་སོ་སོར་འབྲེལ་བ་ཡོང་རྒྱུ།
Secretary
Department of Information & International Rel;ations
Central Tibetan Administration
Gangchen Kyishong, Dharamsala
Distt; Kangra (H.P)