ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༣ རེས་གཟའ་སྤེན་པ།
༄༅། །བོད་དོན་ལ་རྒྱབ་སྐྱོར་དང་བོད་མིར་གདུང་སེམས་མཉམ་སྐྱེ་མཚོན་ཆེད་དུ་ཨ་རིའི་གྲོང་ཁྱེར་སེནྡ་པཱོལ་དང་། ཀོ་ལུམ་བྷི་ཡ་ཧ་ཨིཌས། ནོར་ཐམ་ཊོན། མི་ནཱི་པོ་ལི་སི། སེནྡ་ལུ་ཨི་སི་པརྐ་བཅས་གྲོང་ཁྱེར་ལྔའི་གྲོང་སྡེ་སྤྱི་ཁྱབ་པ་རྣམས་ནས་ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་ཉིན་མོ་ཞེས་དུས་དྲན་སྲུང་བརྩི་གནང་རྒྱུ་ཡིན་པའི་གསལ་བསྒྲགས་བསྐྱངས་འདུག
ཕྱོཔགས་མཚུངས་ཨ་རིའི་སྦར་ལེང་ཏྲོན་དང་། སྦོ་སེ་ཏྲོན། མཱ་སེ་ཆུ་སིཊ། མེ་ཊི་སན། ཝི་སེ་ཀོན་སིན་བཅས་ཀྱི་གྲོང་ཁྱེར་ཚོགས་ཁང་དུའང་བོད་མིའི་རང་དབང་སྒེར་ལངས་བྱས་ནས་མི་ལོ་ ༦༢ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་འདུག་པ་བཅས། །