ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༥ རེས་གཟའ་པ་སངས།༄༅། །འདི་གར་ཧོན་སུར་རབ་རྒྱས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཧོན་སུར་རབ་རྒྱས་གླིང་ཡན་ལག་བོད་ཀྱི་སྨན་རྩིས་ཁང་དང་ཡན་ལག་འཕྲོད་བསྟེན་སྨན་ཁང་གཉིས་ཀྱི་ལས་བྱེད་རྣམ་པར་སྔོན་འགོག་ཁབ་ཐེངས་གཉིས་པ་བརྒྱབ་ལ་ཉེ་བ་དང་། ས་གནས་ཀྱི་ནད་ཡམས་སྔོན་འགོག་ཚོགས་ཆུང་གི་ཚོགས་མི་དང་། དྭང་བླངས་པ། དེ་བཞིན་ཁྱབ་ཁོངས་དགོན་སྡེ་ཁག་གསུམ་གྱི་མཁན་བླ་དང་ལས་བྱེད། སློབ་གྲྭའི་དགེ་རྒན་རྣམ་པ་བཅས་མི་གྲངས་ ༡༥༢ ཙམ་ལ་ཏོག་དབྱིབས་གཉན་རིམས་སྔོན་འགོག་སྨན་ཁབ་བརྒྱབ་ཟིན།འདི་ནས་མངའ་སྡེ་གཞུང་གི་འབྲེལ་ཡོད་འཕྲོད་བསྟེན་ལས་ཁུངས་ལ་རེ་སྐུལ་གྱིས་འདི་ག་ས་གནས་འཕྲོད་བསྟེན་སྨན་ཁང་རང་དུ་སྔོན་འགོག་སྨན་ཁབ་མཐུན་རྐྱེན་གང་མགྱོགས་ཐོབ་རྒྱུ་ཐབས་ཤེས་བྱེད་བཞིན་ཡོད་པས་དེ་ལྟར་བྱུང་ཚེ་རྒྱ་གར་གཞུང་གི་ལམ་སྟོན་བཞིན་སྔ་འཕྲོས་རང་ལོ་དྲུག་ཅུ་ཡན་དང་ནད་མནར་རྣམས་ལ་ས་གནས་ཕན་བདེ་སྨན་ཁང་ནས་སྔོན་ཁབ་བརྒྱག་རྒྱུ་ཡིན་པ་དང་། དེ་ལྟར་མ་བྱུང་ཚེ་རྒྱ་གར་གཞུང་གི་སྨན་ཁང་ནས་སྔོན་ཁབ་མཐུན་རྐྱེན་གནང་གི་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།