ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༨ རེས་གཟའ་ཟླ་བ།༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་གི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་ནས་སུད་སི་དོན་ཁང་གི་དྲུང་གཞོན་བསོད་ནམས་མཐར་ཕྱིན་ལགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ ཆ་རྐྱེན་འོག་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༣ ཉིན་སུད་སི་དང་ལིག་ཏེན་སིཊཡན་ས་གནས་འཐུས་ཚོགས་སྐབས་ ༡༨ པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༢༤ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་དང་། ཚོགས་གཞོན་བསྟན་འཛིན་དབང་འདུས་ལགས་བཅས་ནས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པའི་གསར་འགྱུར་སྙིང་བསྡུས་སུ། །
གསར་གནས།
འབྲེལ་གནས།