༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ནང་ལས་བྱེད་དགོས་མཁོ་བཞིན། སྲི་ཞུའི་ལས་བྱེད་ཁ་སྐོང་ཆེད་གསར་འདེམས་ཞུ་གཏན་འཁེལ་བས། གཤམ་གསལ་དམིགས་བཀར་ས་མིག་ཐོག་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ཞབས་འདེགས་ཞུ་བློ་ཡོད་རིགས་ནས་འཚང་སྙན་སྦྲགས་བརྒྱུད་གཏོང་གནང་ཡོང་བ་དགོས་རྒྱུ།
ཕྱི་དྲིལ་ལས་ཁུངས་ཆེད་དམིགས་བཀར་ལས་བྱེད་དགོས་གལ་ཤིན་ཏུ་ཆེ་བར་བརྟེན། ལས་ཁུངས་དོ་དམ་པའི་ས་མིག་ ༡ དང་སྡེ་ཚན་འགན་འཛིན་གྱི་ས་མིག་ ༣ བཅས་བསྡོམས་ས་མིག་ ༤ ཞིབ་ཕྲ་གཤམ་གསལ།
༡༽ བརྐོས་རིག་ལག་རྩལ་ (web/graphic design) ཆེད་ས་མིག་ ༡
ཀ༽ གནས་རིམ། ལས་ཁུངས་དོ་དམ་པ།
ཁ༽ ཤེས་ཚད། བརྐོས་རིག་ལག་རྩལ་ (web/graphic design) ཆེད་ཚད་ལྡན་མཐོ་སློབ་ཞིག་ནས་(BA in Computer with Diploma in Animation graphic) ཐོན་པའི་ཤེས་ཚད་ལག་འཁྱེར་ཡོད་པ།
ག༽ ལོ་ཚད། ༢༠༢༡།༠༤།༡༦ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་། ༤༠ ལས་མ་བརྒལ་བ་དགོས།
ང༽ རྒྱུགས་གཞི། བརྐོས་རིག་སློབ་ཚན་ཐོག་ངག་རྒྱུགས་དང་ལག་ལེན་ཡིག་རྒྱུགས་དང་(interview & pratical) བོད་ཨིན་སྐད་ཡིག་སོ་སོར་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ།
ཅ༽ ཨང་གི་སྩལ་ཕྱོགས། དམིགས་བཀར་སློབ་ཚན་དེར་བརྒྱ་ཆ་ ༧༠% དང་། བོད་ཨིན་ལ་བརྒྱ་ཆ་ ༣༣% ལོན་དགོས།
ཆ༽ ལས་འགན། ལས་འགན་ནི་བོད་ཀྱི་གསར་འགྱུར་ལས་ཁང་གི་པར་གཞི་འཆར་བཀོད་ (web & graphic design) ལས་དོན་ཆ་ཚང་འགན་བཞེས་དགོས།
༢༽ བོད་ཡིག་ཚན་པའི་ཆེད་ས་མིག་ ༡
ཀ༽ གནས་རིམ། སྡེ་ཚན་འགན་འཛིན།
ཁ༽ ཤེས་ཚད། བོད་ཡིག་ཚན་པའི་སྡེ་འགན་ས་མིག་ཆེད་མཐོ་རིམ་སློབ་གཉེར་ཁང་ཞིག་ནས་ཉེ་བའི་གཙུག་ལག་རབ་འབྱམས་ཐོན་པའི་ཤེས་ཚད་ལག་འཁྱེར་ཡོད་པ།
ག༽ ལོ་ཚད། ༢༠༢༡།༠༤།༡༦ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་། ༤༠ ལས་མ་བརྒལ་བ་དགོས།
ང༽ རྒྱུགས་གཞི། བོད་ཡིག་ནང་གསར་འགོད་ལས་རིགས་དང་འབྲེལ་བའི་འབྲི་རྒྱུགས་དང་ངག་རྒྱུགས་ཐོག་ཨིན་ཡིག་ནང་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ།
ཅ༽ ཨང་གི་སྩལ་ཕྱོགས། དམིགས་བཀར་ས་མིག་གི་རྒྱུགས་གཞི་བོད་ཡིག་ནང་གསར་འགོད་ལས་རིགས་དང་འབྲེལ་བའི་སློབ་ཚན་དེར་བརྒྱ་ཆ་ ༧༠% དང་། ཨིན་རྒྱུགས་ལ་བརྒྱ་ཆ་ ༣༣% ལོན་དགོས་པ་ཡིན།
ཆ༽ ལས་འགན། བོད་ཡིག་གསར་འགོད་པའི་ལས་འགན།
༣༽ ཨིན་ཡིག་ཚན་པའི་ཆེད་ས་མིག་ ༡
ཀ༽ གནས་རིམ། སྡེ་ཚན་འགན་འཛིན།
ཁ༽ ཤེས་ཚད། མཐོ་སློབ་ཞིག་ནས་ཨིན་ཇིའི་རྩོམ་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་ (BA in English Literature) ཐོན་པའི་ཤེས་ཚད་ལག་འཁྱེར་ཡོད་པ།
ག༽ ལོ་ཚད། ༢༠༢༡།༠༤།༡༦ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་། ༤༠ ལས་མ་བརྒལ་བ་དགོས།
ང༽ རྒྱུགས་གཞི། ཨིན་ཡིག་ནང་གསར་འགོད་ལས་རིགས་དང་འབྲེལ་བའི་སློབ་ཚན་ཐོག་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ་དང། བོད་ཡིག་ནང་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ།
ཅ༽ ཨང་གི་སྩལ་ཕྱོགས། ཨིན་ཡིག་ནང་གསར་འགོད་ལས་རིགས་དང་འབྲེལ་བའི་སློབ་ཚན་དེར་བརྒྱ་ཆ་ ༧༠% དང་། བོད་ཡིག་ལ་བརྒྱ་ཆ་ ༣༣% བཅས་ལོན་དགོས་པ་ཡིན།
ཆ༽ ལས་འགན། ཨིན་ཡིག་གསར་འགོད་པ།
༤༽ བོད་ཀྱི་ལོ་རྒྱུས་དང། ཁོར་ཡུག འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སོགས་སྐོར་བརྙན་འཕྲིན་ལས་རིམ་བཟོ་འགོད་ཆེད་ས་མིག་ ༡
ཀ༽ གནས་རིམ། སྡེ་ཚན་འགན་འཛིན།
ཁ༽ ཤེས་ཚད། མཐོ་སློབ་ཞིག་ནས་རྒྱ་ཁྱབ་ཆ་འཕྲིན་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་ (BA in Mass Communication) ཡང་ན་ཉེ་བའི་གཙུག་ལག་རབ་འབྱམས་ཐོན་པའི་ཤེས་ཚད་ལག་འཁྱེར་ཡོད་པ།
ག༽ ལོ་ཚད། ༢༠༢༡།༠༤།༡༦ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་། ༤༠ ལས་མ་བརྒལ་བ་དགོས།
ང༽ རྒྱུགས་གཞི། བོད་ཡིག་ནང་བོད་ཀྱི་ལོ་རྒྱུས་དང་ཁོར་ཡུག འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་སློབ་ཚན་ཐོག་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ་དང། ཨིན་ཡིག་ནང་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ།
ཅ༽ ཨང་གི་སྩལ་ཕྱོགས། དམིགས་བཀར་ས་མིག་གི་རྒྱུགས་གཞི་བོད་ཡིག་ནང་བོད་ཀྱི་ལོ་རྒྱུས་དང་ཁོར་ཡུག འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་སློབ་ཚན་དེར་བརྒྱ་ཆ་ ༧༠% དང་། ཨིན་ཡིག་སློབ་ཚན་ལ་བརྒྱ་ཆ་ ༣༣% བཅས་ལོན་དགོས་པ་ཡིན།
ཆ༽ ལས་འགན། བོད་ཀྱི་ལོ་རྒྱུས་དང། ཁོར་ཡུག འགྲོ་བ་མིའི་ཐོབ་ཐང་གནས་སྟངས་བཅས་ཀྱི་སྐོར་བརྙན་འཕྲིན་ལས་རིམ་བཟོ་འགོད་གནང་རྒྱུ།
གོང་གསལ་ས་མིག་ཐོག་ཆ་རྐྱེན་ལྡན་རིགས་ནས་འདི་ག་ལས་ཁུངས་དང། ས་གནས་འགོ་འཛིན་ལས་ཁུངས། གཞུང་འབྲེལ་དྲ་རྒྱ་ (www.tibet.net) ནས་བོད་ཡིག་ཐོག་གཏན་འབེབས་ཡོད་པའི་འཚང་སྙན་འགེངས་ཤོག་ཕབ་ལེན་གྱིས་དོན་ཚན་རྣམས་འཚེམས་ལུས་མེད་པ་བཀང་ཟིན་རྗེས།
༡༽ རང་ཉིད་ཀྱི་ད་ལྟའི་ཕྱེད་པར་ཚོན་ལྡན་ ༢ རེ་། (One passport & one stamp size photo)
༢༽ ཤེས་ཚད་ལག་འཁྱེར་དང་། ཨང་ཤོག (Degree Certificate & Marks sheet) བཅས་ཀྱི་ངོ་བཤུས།
༣༽ འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང། གཉིས་པ། མཐའ་མ་བཅས་ཀྱི་ངོ་བཤུས།
༤༽ སྐྱེས་ཚེས་ལག་འཁྱེར་ཡོད་ན་དང་། དེ་མིན་རང་ལོའི་ཁུངས་སྐྱེལ་ཆེད་འཛིན་རིམ་ ༡༠ པའི་ལག་འཁྱེར་གྱི་ངོ་བཤུས།
༥༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང། དེ་མིན་སྨན་ཁང་ཚད་ལྡན་ གང་རུང་ནས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་དག་མཆན་ལས་དམ་འཁོད་པ་ངོ་མ།
༦༽ རང་ཉིད་གཏན་སྡོད་བྱ་ཡུལ་སྐུ་ཚབ་དོན་གཅོད་དམ་ས་གནས་འགོ་འཛིན་གྱི་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།
༧༽ གལ་སྲིད་སྒེར་གྱི་སྡེ་ཚན་གང་རུང་ནང་གཏན་འཇགས་ལས་ཀ་བྱེད་མུས་རིགས་ཡིན་ན་སྡེ་ཚན་དེའི་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ་དང་བཅས་གོང་གསལ་ངོ་བཤུས་ཡིག་ཆ་ཚང་མར་ས་གནས་འགོ་འཛིན་ནམ། ལས་བྱེད་འདེམས་ལྷན་ནས་བསྐོ་གཞག་བྱས་པའི་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་མཆན་ལས་དམ་ (Attestation) ཞུས་ཏེ། ༢༠༢༡ ཟླ ༤ ཚེས་ ༡༦ ཉིན་རྒྱབ་ཚོུད་ ༥ པ་འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང། ད་ལྟའི་སྡོད་གནས་སུ་འབྲེལ་བ་གནང་བདེའི་ཁ་བྱང་། ཁ་དཔར་ཨང། གློག་འཕྲིན། (E-mail) སོགས་ཁ་གསལ་བཀོད་དེ་གཤམ་གསལ་དྲུང་ཆེའི་མཚན་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འབྱོར་རིགས་རྣམས་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་བཅར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༢༡ ཟླ་ ༣ ཚེས་ ༡༨ ལ།།
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt.Kangra(H.P)
E-mail:[email protected]