ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཆེས་ ༨ རེས་གཟའ་ཟླ་བ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཧི་མ་ཅཱལ་མངའ་སྡེ་གཞུང་གི་ཤིང་
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐུ་ཞབས་ར་ཀེཤ་པཱ་ཐཱ་ནིཡ་མཆོག་ལ་འཚམས་འདྲི་དང་འབྲེལ་རྡ་ས་ནི་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་ཤིག་ཡིན་སྟབས་ཀངྒ་རའི་གནམ་ཐང་ཡར་རྒྱས་གཏོང་དགོས་སྐོར་དང་།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བློན་ཆེན་མཆོག་ལ་རྡ་སར་རྟེན་གཞི་བྱས་པའི་བདེ་ལེགས་སྨན་ཁང་དུ་ཉེ་འཁོར་གྱི་ཡུལ་མི་དང་བོད་མིའི་ཆེད་ཏོག་དབྱིབས་གཉན་རིམས་སྔོན་འགོག་ཁབ་བརྒྱག་སའི་ས་ཚིགས་ཤིག་བཙུགས་གནང་ཡོང་བའི་འབོད་སྐུལ་ཞུས་གནང་བ་མ་ཟད། བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་དབུས་གཞུང་གིས་གཙོས་ཧི་མ་ཅཱལ་མངའ་སྡེ་གཞུང་ནས་ད་བར་བོད་དོན་དང་བོད་མིར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་བཅས། །