ཕྱི་ལོ ༢༠༢༡ ཟླ་ ༢ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །ཉེ་ལམ་རྒྱ་གར་བྱང་ཕྱོགས་ཨུཏྟརཱ་ཁནྜ་མངའ་སྡེའི་ཅ་མོ་ལི་ (Chamoli) རྫོང་དུ་གངས་རུད་རྐྱེན་པས་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཤུགས་ཆེ་ཕོག་པའི་གནས་ཚུལ་ཐོན་པར། བོད་མའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༡༠ རེས་གཟའ་ལྷག་པའི་ཉིན་ཨུ་ཏྟརཱ་ཁནྜ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཏྲི་ཝེནྡྲ་སིངྒ་ར་ཝཏ་ (Shri Trivendra Singh Rawat) མཆོག་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་འཁོད་དོན། ཉེ་ལམ་ཨུ་ཏྟརཱ་ཁནྜ་མངའ་སྡེའི་ (Chamoli) རྫོང་དུ་གངས་རུད་རྐྱེན་པས་མི་མང་པོའི་ཚེ་སྲོག་ཤོར་བ་མ་ཟད། མི་མང་པོ་ཞིག་ད་དུང་གར་སོང་ཆ་མེད་དུ་གྱུར་བར་ངོས་ཀྱིས་བློ་ཕམ་དང་སྦྲགས་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན།
གོད་ཆག་འོག་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་ཤུལ་ལུས་ནང་མི་དང་སྤུན་མཆེད། ལྷག་པར་གངས་རུད་ཀྱི་གོད་ཆག་འོག་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་སེམས་གསོ་ཞུ་རྒྱུ་ཡིན། ཛ་དྲག་གི་གནས་སྟངས་ཐོག་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་མཉམ་རུབ་ཀྱིས་གནོད་འཚེ་ཤུགས་ཆེ་ཕོག་པ་རྣམས་ལ་གང་ཐུབ་ཀྱིས་ངལ་སེལ་རོགས་སྐྱོར་ལས་གཞི་སྤེལ་བཞིན་ཡོད་པར་ཡི་རང་བསྔགས་བརྗོད་
གསུང་འཕྲིན་ངོ་མ་ཨིན་ཡིག་ནས་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས། ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།