ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༡༤ ནས་ ༡༦ བར་སྤོན་ཌོ་བཀྲིས་གླིང་དང་ཀུ་ལླུ་མ་ན་ལི། དེ་བཞིན་མཚོ་པདྨ་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་ཡོད།
དེ་ཡང་ཕྱི་ཚེས་ ༡༤ དང་ ༡༥ ཉིན་སྤོན་ཌོ་བཀྲིས་གླིང་དང་ཀུ་ལླུ་མ་ན་ལི་ཁུལ་གྱི་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་དང་། ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོར་མཚོ་པདྨའི་ས་གནས་འཕྲོད་བསྟེན་སྨན་ཁང་དང་ས་གནས་འབྲེལ་མཐུད་ལས་ཁུངས་སུ་འཚམས་གཟིགས་གནང་།
དེ་རྗེས་ས་གནས་ཀྱི་ལས་སྣེ་རྣམས་ལ་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་གསུང་བཤད་གནང་བ་བཅས། །