ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༡ ཉིན་མན་ཌི་ཁྱབ་ཁོངས་མཚོ་པདྨ་ས་གནས་སུ་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་འདུ་བསྐོང་ཚོགས་གནང་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ས་གནས་སུ་ཕེབས་པ་བསྟུན་ནས་ཚོགས་འདུའི་ཐོག་གདན་ཞུས་ཀྱིས་བོད་དོན་ཐོག་གསུང་བཤད་དང་བོད་ནང་གི་གནས་སྟངས་སྐོར་ངོ་སྤྲོད་སྙིང་བསྡུས་ཤིག་གནང་ཡོད་པ་མ་ཟད། ས་གནས་བོད་མིའི་དཀའ་ངལ་ཡང་རྒྱ་གར་གྱི་ཚོགས་མི་རྣམས་ལ་ཞུས་གནང་ཡོད་པ་བཅས། །