ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༠ ཉིན་ལྕམ་སྐུ་ཀ་མ་ལཱ་ཧཻ་རིས་ (Kamala Harris) མཆོག་གིས་ཨ་རིའི་སྲིད་འཛིན་གཞོ ན་པ་ཐེངས་ ༤༩ པའི་ལས་ཁུར་དམ་འབུལ་ཞུས་པར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོ གས་གཙོ་པདྨ་འབྱུང་གནས་མཆོག་གིས་ གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི ་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ དགའ་བསུའི་འཚམས་འདྲི་ཞུས་གནང་ འདུག
འཚམས་འཕྲིན་ནང་འཁོད་དོན། ལྕམ་སྐུ་མཆོག་ཨ་རིའི་བུད་མེད་སྲི ད་འཛིན་གཞོན་པ་ཐེངས་དང་པོ་ཆགས་ པ་དང་། དེ་བཞིན་རྒྱ་གར་གྱི་རིགས་རྒྱུད་ ཅིག་ཨ་རིའི་སྲིད་འཛིན་གཞོན་པ་ ཆགས་པ་དེས་ཨ་རིའི་ནང་ལོ་རྒྱུས་ གསར་པ་ཞིག་བསྐྲུན་གནང་ཡོད། ལྕམ་སྐུ་ཁྱེད་ཨ་རིའི་སྲིད་འཛིན་ གཞོན་པའི་དམ་འབུལ་བཞེས་སྐབས་ འཛམ་གླིང་གང་སར་བཞུགས་པའི་རྒྱ་ གར་བ་རྣམས་ནས་དགའ་བསུ་ཆེན་པོ་ཞུ ས་གནང་ཡོད། དེ་ནི་ཨེ་ཤི་ཡ་སྤྱི་དང་། ལྷག་པར་དུ་རྒྱ་གར་བ་རྣམས་དགའ་སྤོ བས་བྱེད་འོས་པའི་དུས་ཚོད་ཅིག་ཡི ན།
ཨ་རིའི་གཞུང་མང་གཉིས་ནས་བོད་མི་ དང་། བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོ ད་ཐོག་འགྱུར་བ་མེད་པར་རྒྱབ་སྐྱོ ར་གནང་དང་གནང་མུས་ཡིན་པར་སོང་། ཨ་རིའི་གཞུང་མང་གཉིས་ནི་འཛམ་གླི ང་ཡུལ་གྲུ་གང་སར་གནས་པའི་བོད་མི ་ཚོར་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ ་ཡིན། ཉེ་ཆར་གཏན་འབེབས་གནང་བའི་ཕྱི་ལོ ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱ བ་སྐྱོར་གྱི་ཁྲིམས་ཡིག་གི་འབྲུ་ དོན་རྣམས་སྐུ་ཉིད་ཀྱི་དབུ་འཁྲི ད་འོག་ཕྱག་བསྟར་གནང་རྒྱུར་ང་ཚོ ས་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད།
སྐུ་ཉིད་ནས་ཨ་རིའི་གཞུང་ལ་ཞབས་ འདེགས་ཞུ་རྒྱུའི་དམ་བཅའ་བཞག་པ་ བཞིན་ཁྱེད་ཀྱི་ལས་ཡུན་དེ་བཞིན་ གྲུབ་འབྲས་ལྡན་པ་ཡོང་བའི་རེ་བ་ དང་ཡིད་ཆེས་ཆེན་པོ་ཡོད།
རྒྱ་དམར་གཞུང་གིས་ག་དུས་ཡིན་ ནའང་བོད་ལ་ཞི་བའི་བཅིངས་གྲོལ་ དང་ཡར་རྒྱས་བཏང་ཡོད་པ་བརྗོད་བཞི ན་ཡོད་ཀྱང་། དོན་དངོས་སུ་ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གཞུང་གིས་བོད་ས་ བཙན་བཟུང་བྱས་པ་ནས་བཟུང་ད་བར་བོ ད་ནང་གི་གནས་སྟངས་ནི་ཡ་ང་བ་ཞིག་ དང་ཛ་དྲག་ཅན་ཞིག་ཡིན། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་གྲངས་ ༡༥༥ ཡིས་རྒྱ་ནག་དམར་གཞུང་གི་གདུག་རྩུ བ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་ གྱིས་བོད་དོན་ཆེད་རང་ལུས་མེར་ བསྲེགས་བཏང་ཡོད་པ་དང་། ཁོང་རྣམ་པས་སྤྱི་ནོར་༧གོང་ས་༧སྐྱ བས་མགོན་ཆེན་པོ་མཆོག་བོད་ལ་གདན་ འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པའི་འབོད་སྒྲ ་བསྒྲགས་ཡོད་པ་དེ་དག་གིས་རྒྱ་ གཞུང་གིས་བོད་ནང་གཞི་རྩའི་འགྲོ་ བ་མིའི་ཐོབ་ཐང་ཡོངས་རྫོགས་རྩིས་ མེད་བཏང་དང་གཏོང་བཞིན་ཡོད་པ་མཚོ ན་ཐུབ།
ཨ་རི་ནི་བོད་ཀྱི་གནད་དོན་དང་། བོད་མིའི་ཐུན་མོང་མ་ཡིན་པའི་རི ག་གཞུང་དང་ངོ་བོ་སྲུང་སྐྱོབ་ཡོ ང་རྒྱུར་རོགས་རམ་གནང་མཁན་གྱི་རྒྱ ལ་ཁབ་ཐོག་མའི་གྲས་ཤིག་ཡིན། ཨ་རིའི་གཞུང་ནས་བོད་རྒྱ་འབྲེལ་ མོལ་བསྐྱར་གསོ་ཡོང་རྒྱུར་རྒྱ་ དམར་གཞུང་ལ་རྟག་ཏུ་སྐུལ་མ་དང་ གནོན་ཤུགས་སྤྲད་དང་སྤྲོད་བཞིན་ ཡོད་ཀྱང་། རྒྱ་དམར་གཞུང་གི་ངོས་ནས་དེར་ བཟང་ཕྱོགས་ཀྱི་ཡ་ལན་ཞིག་ང་ཚོར་ རྩ་བ་ནས་སྤྲོད་ཀྱི་མེད། ཡིན་ནའང་། སྐུ་ཉིད་ཀྱི་དབུ་འཁྲིད་འོག་ཨ་རི འི་གཞུང་གིས་མུ་མཐུད་རྒྱབ་སྐྱོ ར་དང་། རྒྱལ་སྤྱིའི་ནུས་པ་མཉམ་སྤུངས་ཐོ ག་ནས་གཉིས་སྨན་དབུ་མའི་ལམ་གྱི་ སྲིད་བྱུས་གཞིར་བཞག་སྟེ་བོད་དོ ན་ཞི་བའི་ཐོག་ནས་གསལ་རྒྱུར་ཡིད་ ཆེས་ཆེན་པོ་ཡོད། སྲིད་བྱུས་དེས་བོད་རིགས་ཡོངས་ལ་ མིང་དོན་མཚུངས་པའི་རང་སྐྱོང་ཡོ ང་ཐབས་བྱེད་བཞིན་ཡོད་པ་མ་ཟད། དེ་ནི་བོད་རྒྱ་གཉིས་ཀར་ཁེ་ཕན་ཡོ ད་པ་ཞིག་ཡིན།
སྐུ་ཉིད་ཀྱིས་ཨ་རིའི་མི་མང་གི་ མངོན་འདོད་བསྒྲུབ་རྒྱུའི་ལས་དོ ན་མཐའ་དག་ལམ་ལྷོངས་ལྡན་པ་ཡོང་ བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་ འཁོད་འདུག་པ་བཅས། །