ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་ཤེས་རབ་སྙིང་པོའི་བཀའ་ཆོས་བཀའ་དྲིན་བསྩལ་གཏན་འཁེལ་འདུག
དེ་ཡང་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་དྲ་རྒྱའི་ནང་གསལ་ལྟར་ན། ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༥ ནས་ཚེས་ ༧ བར་ཉིན་གསུམ་རིང་གི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་ཀོ་རི་ཡའི་ནང་པ་ཚོས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་ཤེས་རབ་སྙིང་པོའི་བཀའ་ཆོས་དང་ཆོས་ཞུ་བའི་བཀའ་འདྲི་ཁག་གཅིག་ལ་བཀའ་ལན་སྩལ་རྒྱུ་དང་། མཛད་རིམ་འདི་བཞིན་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་ཨིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་ཡིན་འདུག་པ་བཅས། །