ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༣ རེས་གཟའ་ཉི་མའི་ཉིན་བཙན་བྱོལ་བོད་མི་འདུས་སྡོད་བྱེད་སའི་ཡུལ་གྲུ་གང་སར་གནས་པའི་བོད་མི་ལོ་ན་བཅོ་བརྒྱད་ཡན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་སྤྱི་འཐུས་འོས་འདེམས་ཆེད་སྔོན་འགྲོའི་འོས་ཤོག་འཕངས་ཡོད་པ་བཞིན། ས་ཊོན་ཁམས་ཀཿཐོག་བོད་མིའི་གཞིས་ཆགས་ཀྱི་གཞིས་མི་ཧ་ཅང་མང་པོས་སྔོན་འགྲོའི་འོས་བསྡུ་ཆེན་མོར་ཆ་ཤས་བླངས་ཡོད།
དེ་ཡང་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་ལ་མ་ལྟོས་པར་བཙན་བྱོལ་བོད་མི་རྣམས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་སྤྱི་འཐུས་འོས་འདེམས་ཆེད་སྔོན་འགྲོའི་འོས་བསྡུ་ཆེ་མོར་ཆ་ཤས་བླངས་ཡོད་པ་ལྟར། ས་ཊོན་ཁམས་ཀཿཐོག་བོད་མིའི་གཞིས་ཆགས་ཀྱི་གཞིས་མི་རྣམས་ནས་ཀྱང་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་ལམ་སྟོན་དང་མ་བརྒལ་བའི་ཐོག་ནས་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེ་མོར་ཆ་ཤས་བླངས་ཡོད་པ་བཅས། །