ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༦ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ
སྐབས་དེར་ཧི་མ་ཅཱལ་ཀངྒ་རྫོང་སྡེ ་ལས་ཁུངས་ནས་མགྲོན་འབོད་གནང་དོ ན་ལྟར། མཛད་སྒོའི་སྐུ་མགྲོན་དུ་དཔལ་ལྡ ན་བོད་མི་མང་སྤྱི་འཐུས་ཚོགས་གཞོ ན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ དང་། དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ ་ཡེ་ཤེས་མཆོག་རྣམ་གཉིས་ཆེད་ཕེ བས་གནང་བ་དང་། དེ་བཞིན་མཛད་སྒོའི་སྐུ་མགྲོན་ གཙོ་བོར་རྒྱ་གར་ཧི་མ་ཅཱལ་མངའ་སྡེ འི་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་ ཝི་པིན་པར་མར་ (Shri Vipin Parmar, Speaker of the Himachal Pradesh Legislative Assembly) མཆོག་དང་། གཞན་སྐུ་མགྲོན་དུ་ཀངྒ་ར་དང་ཅམ་ པ་རྫོང་ཁྱབ་ཁོངས་རྒྱ་གར་དབུས་ གཞུང་གི་གྲོས་ཚོགས་འོག་མའི་འཐུ ས་མི་སྐུ་ཞབས་ཀི་ཤན་ཀཱ་པུར་ (Kishan Kapoor, Member of parliament, Lok Sabha from Kangra and Chamba) མཆོག རྡ་རམ་ས་ལའི་ཧི་མཱ་ཅལ་མངའ་སྡེའི ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝི་ ཤལ་ནི་རི་ཡ་ (Shri Vishal Nehria, MLA Dharamshala) མཆོག ཀངྒ་ར་རྫོང་དཔོན་སྐུ་ཞབས་ར་ཀེཤ་ ཀུ་མཱར་པྲ་ཇཱ་པ་ཏི་ (Shri Rakesh Kumar Prajapati) མཆོག རྡ་ས་ཉེན་རྟོག་དཔོན་སོགས་ཕེབས་ གནང་འདུག
དེ་ཡང་མཛད་སྒོ་དངོས་གཞི་དབུ་འཛུ གས་མ་གནང་སྔོན་སྐུ་མགྲོན་གཙོ་བོ ་མཆོག་གིས་གཙོས་པའི་སྐུ་མགྲོན་ རྣམ་པ་མངའ་སྡེའི་དམག་གི་དྲན་རྟེ ན་སྐྱེས་ཚལ་ (War Memorial Park) ནང་ཆེད་ཕེབས་ཀྱིས་ཞིང་གཤེགས་ དཔའ་བོ་རྣམས་ལ་གུས་འདུད་ཞུས་ གནང་སོང་། སྐབས་དེར་ཐོག་མར་རྒྱ་གར་དམག་མི་ ཟུར་པའི་ཚོགས་གཙོ་དང་། ཚོགས་གཞོན་རྣམ་གཉིས་ནས་དཔལ་ལྡན་ ཚོགས་གཞོན་མཆོག་སྣེ་ལེན་ཞུས་པ་ དང་། དཔལ་ལྡན་ཚོགས་གཞོན་མཆོག་གིས་ཚོ གས་གཞོན་ཀེ་སི་ཋ་ཀུར་ (K.C Thakur) ལགས་ལ་འབྱུང་འགྱུར་བོད་དོན་རྒྱ བ་སྐྱོར་ཆེད་དམག་མི་ཟུར་པའི་བོ ད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་ ཐུབ་ཐབས་གནང་སྐྱོང་ཡོང་བའི་འབོ ད་སྐུལ་ཞུས་གནང་སོང་།
དེ་ནས་སྐོར་སྲུང་ཉེན་རྟོག་ཐང་ཆེ ན་དུ་མཛད་སྒོ་དངོས་གཞི་དབུ་འཛུ གས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་ བོ་མཆོག་ནས་རྒྱ་གར་རྒྱལ་དར་མཁའ་ དབྱིངས་སུ་སྒྲེང་འཛུགས་གནང་རྗེ ས། ཉེན་རྟོག་རུ་ཁག་གིས་རུ་སྒྲིག་གི ་ལམ་ནས་ཆེ་མཐོང་ཞུས་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་ གིས་མཛད་སྒོ་དང་འབྲེལ་བའི་གསུང་ བཤད་དང་། ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ ངལ་སྐབས་ཀངྒ་ར་རྫོང་ཁྱབ་ཁོངས་སྤྱི ་ཚོགས་ཞབས་ཞུ་གནང་མཁན་རྣམ་པར་ གཟེངས་རྟགས་དང་ཕྱག་ཁྱེར་གནང་བ་ དང་། དེ་ཡང་བོད་མིའི་སྐུ་ཚབ་རྡ་ས་ས་ གནས་འགོ་འཛིན་ལ་ཕྱག་ཁྱེར་གནང་སོ ང་། རིམ་པས་སྐུ་མགྲོན་གཙོ་བོ་མཆོག་ དང་། སྐུ་མགྲོན་རྣམ་པ། དེ་བཞིན་དཔལ་ལྡན་ཚོགས་གཞོན་མཆོ ག་དང་། དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོ ག་བཅས་ནས་ཀངྒ་ར་རྒྱ་གྲམ་དམར་པོ འི་ཚོགས་པ་ (Red Cross Society,Kangra) ཡིས་སྤྱི་ཚོགས་ཞབས་ཞུའི་ཆེད་གོ་ སྒྲིག་ཞུས་པའི་རྒྱན་ཤོག་འཐེན་ གནང་རྗེས། ས་གནས་མི་མང་ནས་རིག་གཞུང་འཁྲབ་ སྟོན་གཟིགས་འབུལ་ཞུས་གནང་སོང་།
མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོ ན་མཆོག་གིས་བོད་མི་མང་སྤྱི་འཐུ ས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཧི་མ་ཅཱལ་མངའ་སྡེ་དབུ་བརྙེས་ནས་ ལོ་ངོ་ ༥༠ འཁོར་བ་དང་། དེ་བཞིན་རྒྱ་གར་མང་གཙོའི་དུས་ཆེ ན་ཐེངས་ ༧༢ སྲུང་བརྩི་དང་བསྟུན་ནས་སྐུ་མགྲོ ན་གཙོ་བོ་རྒྱ་གར་ཧི་མ་ཅཱལ་མངའ་ སྡེའི་གྲོས་ཚོགས་ཚོགས་གཙོ་སྐུ་ ཞབས་ཝི་པིན་པར་མར་མཆོག་ལ་འཚམས་ འདྲིའི་མཇལ་དར་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ ཐང་ཆུང་བ་ཞིག་ཕུལ་གནང་བ་དང་།
དེ་ནས་མཛད་སྒོ་གྲོལ་རྗེས་དཔལ་ལྡ ན་ཚོགས་གཞོན་མཆོག་གིས་སྐུ་ཞབས་ ཁོང་དང་ལྷན་ཟུར་དུ་མཇལ་འཕྲད་ཀྱི ས་འབྱུང་འགྱུར་ཧི་མ་ཅཱལ་མངའ་སྡེ འི་གྲོས་ཚོགས་འཚོགས་སྐབས་མངའ་སྡེ འི་གྲོས་ཚོགས་བོད་དོན་རྒྱབ་སྐྱོ ར་ཚོགས་པ་འཛུགས་ཐབས་ཡོང་བའི་རེ་ སྐུལ་ཞུས་གནང་བར། སྐུ་ཞབས་ཁོང་ནས་སིམ་ལར་ཧི་མ་ཅཱ ལ་མངའ་སྡེའི་གྲོས་ཚོགས་འཚོགས་སྐ བས་སྤྱི་ལྷན་སྐུ་ཚབ་ཕེབས་དགོས་ པ་དང་། ཁོང་གིས་མངའ་སྡེའི་སྤྱི་ཁྱབ་བློ ན་ཆེན་དང་། ཕྱོགས་འགལ་ཚོགས་པའི་དབར་བཀའ་བསྡུ ར་གནང་སྟེ་དེའི་ཐོག་འོག་གྲབས་ གནང་རྒྱུ་ཡིན་སྐོར་གསུངས་གནང་རྗེ ས། དཔལ་ལྡན་ཚོགས་གཞོན་མཆོག་གིས་ཧི ན་ཡིག་ནང་ཡོད་པའི་ “བོད་ཀྱི་སྲིད་དོན་རྒྱལ་རབས།”ཀྱི ་དཔེ་དེབ་ཅིག་འགྲེལ་བརྗོད་སྙིང་ བསྡུས་དང་སྦྲགས་ཁོང་ལ་ཕྱག་རྟགས་ སུ་ཕུལ་གནང་ཡོད་པ་དང་། དེ་རྗེས་མངའ་སྡེའི་རྫོང་དཔོན་ མཆོག་དང་ལྷན་མཇལ་འཕྲད་ཀྱིས་བར་ ལམ་རྡ་སའི་གཡས་གཡོན་ལ་ཐོ་རངས་ དང་དགོང་མོ་དོམ་གྱིས་ཉེན་ཁ་བཟོ ས་ཡོད་པར་བརྟེན། སྨན་རྩིས་ཁང་ནས་ཇོ་གི་ཝ་ར་བར་གྱི ་རྒྱ་ལམ་ལ་གློག་གི་མཐུན་རྐྱེན་ སྦྱར་གནང་ཡོང་བའི་རེ་སྐུལ་བཅས་ ཞུས་གནང་བར། སྐུ་ཞབས་ཁོང་ནས་གནད་དོན་དེའི་ཐོ ག་ཐུགས་ཞིབ་གནང་རྒྱུའི་ཞལ་བཞེས་ གནང་སོང་།
དེ་བཞིན་དཔལ་ལྡན་ཚོགས་གཞོན་མཆོ ག་གིས་རྒྱ་གར་དབུས་གཞུང་གི་གྲོ ས་ཚོགས་འོག་མའི་འཐུས་མི་སྐུ་ ཞབས་ཀི་ཤན་ཀཱ་པུར་མཆོག་དང་ལྷན་ མཇལ་འཕྲད་ཀྱིས་སྐུ་ཞབས་ཁོང་བོད་ མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༥ ནས་ ༣༡ བར་སྔོན་རྩིས་གྲོས་ཚོགས་འཚོགས་ སྐབས་གྲོས་ཚོགས་སུ་ཆེད་ཕེབས་ གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ ས་གནང་བར། སྐུ་ཞབས་ཁོང་ནས་ཞལ་བཞེས་གནང་སོ ང་བ་བཅས། །