ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༣ རེས་གཟའ་སྤེན་པ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༢ ཉིན་བཞུགས་སྒར་རྡ་ས་མེག་གྷན་དུ་
དེ་ཡང་མཛད་སྒོ་དངོས་གཞི་དབུ་འཛུ གས་མ་གནང་སྔོན་མཛད་སྒོའི་སྐུ་ མགྲོན་གཙོ་བོ་ (Salute Tiranga) ཞེས་པའི་ཚོགས་པའི་ཚོགས་གཙོ་སྐུ་ ཞབས་ར་ཇེ་ཤི་ཇཱ་ (Rajesh Jha) མཆོག་གིས་གཙོས་པའི་སྐུ་མགྲོན་ ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷ ན་ཁང་དུ་འཚམས་གཟིགས་སུ་ཕེབས་པ་ དང་། སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོ ག་གིས་ཁོང་གི་ལས་ཁུངས་སུ་སྣེ་ལེ ན་མཇལ་འཕྲད་ཀྱིས་བཙན་བྱོལ་བོད་ མིའི་མང་གཙོའི་འཕེལ་རིམ་སྐོར་ དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོ ད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི འི་བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་ཚོགས་ཆེན་རིམ་པ་དང་། འཛམ་གླིང་ནང་ད་བར་བོད་དོན་ཐོག་ གྲོས་ཆོད་བརྒྱ་ལྷག་བཞག་ཡོད་པའི་ སྐོར། བོད་ནང་རྒྱ་ནག་གཞུང་གིས་བོད་མི་ རྣམས་ལ་མུ་མཐུད་སྡུག་སྦྱོང་མནར་ གཅོད་ཚད་མེད་གཏོང་བཞིན་ཡོད་སྟ བས། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་ ༡༥༥ ཡིས་རང་ལུས་མེར་བསྲེགས་ཕུལ་བའི་ སྐོར།
བོད་ནང་བཙན་དབང་ཐོག་བོད་རིགས་རྣ མས་ངལ་རྩོལ་བསྒྱུར་བཀོད་བྱེད་ བཅུག་གི་ཡོད་པ་སོགས་ད་ལྟའི་བོད་ ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་ སྙིང་བསྡུས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ནས་པར་བསྐྲུན་ཞུས་པའི་ཆབ་སྲིད་ དང་འབྲེལ་བའི་དཔེ་དེབ་དང་ཡིག་ཆ་ ཁག་རེ་རེ་བཞིན་འགྲེལ་བརྗོད་དང་ སྦྲགས། ཁོང་རྣམས་ལ་ཕུལ་གནང་རྗེས། ཁོང་རྣམས་གྲོས་ཚོགས་ཚོགས་ཁང་ནང་ གཟིགས་སྐོར་ཕེབས་གནང་ཡོད། རིམ་པས་ཁོང་རྣམ་པས་དཔལ་འབྱོ ར་བཀའ་བློན་མཆོག་དང་མཇལ་འཕྲད་ དང་། བོད་ཀྱི་དཔེ་མཛོད་ཁང་དང་སྨན་རྩི ས་ཁང་ལ་གཟིགས་སྐོར་ཕེབས་གནང་ཡོ ད།
ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་མཛད་སྒོ་དངོས་གཞི་དབུ་འཛུ གས་གནང་བ་དང་། སྐབས་དེའི་མཛད་སྒོའི་སྐུ་མགྲོན་ གཙོ་བོར་ (Salute Tiranga) ཚོགས་པའི་ཚོགས་གཙོ་སྐུ་ཞབས་ར་ཇེ ་ཤི་ཇཱ་ (Rajesh Jha) མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡ ན་བོད་མི་མང་སྤྱི་འཐུས་ཚོགས་གཞོ ན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག གཞན་ཡང་སྐུ་མགྲོན་དུ་པན་ཇབ་མངའ་ སྡེ་ནས་ཡིན་པའི་གནད་ཡོད་མི་སྣ་ གཉིས། རྡ་ས་གྲོང་སྡེ་ལས་ཁུངས་ཀྱི་སྤྱི ་ཁྱབ་གཞོན་པ་སྐུ་ཞབས་ཨོན་ཀར་ནེ་ རི་ཡ་ (Shri.Onkar Nehria,Deputy Mayor of Dharamshala Municipal Corporation) ལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོ གས་གཙོ། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ རི་ཤི་ཝ་ལ་ཡ་ (Rishi Walia) ལགས། རྡ་ས་ས་གནས་འགོ་འཛིན། ས་གནས་བོད་མིའི་དགོན་སྡེ་དང་སློ བ་གྲྭ་ཁག་ཅིག་གི་སྐུ་ཚབ། གཞུང་འབྲེལ་མིན་པའི་ཚོགས་སྡེ་ ཁག་གི་སྐུ་ཚབ། ས་གནས་རྒྱ་གར་གྱི་ཡུལ་མི། རྡ་སར་གནས་སྡོད་བོད་མི། ཕྱི་ནང་གི་གསར་འགོད་པ་སོགས་མི་ གྲངས་ ༡༠༠ ལྷག་འཛོམས་གནང་འདུག
སྐབས་དེར་སྐུ་མགྲོན་གཙོ་བོ་མཆོ ག་གིས་ཐོག་མར་གསར་འགོད་གསལ་བསྒྲ གས་ཤིག་སྤེལ་བའི་ནང་། ཁོང་རྣམ་པའི་ཚོགས་པའི་ངོས་ནས་ འབྱུང་འགྱུར་བོད་དོན་དང་འབྲེལ་ བའི་ཚོགས་འདུ་ཆེན་པོ་ཞིག་གོ་སྒྲི ག་གནང་འཆར་ཡོད་པ་དང་། ཁོང་རྣམ་པ་རྒྱ་གར་རྒྱལ་ཡོངས་ནང་ སྐོར་བསྐྱོད་གནང་སྐབས་འདུ་འཛོ མས་སོགས་ཚོགས་འདུ་ཚང་མའི་ནང་བོ ད་ཀྱི་གནད་དོན་སྐོར་གལ་ཆེར་བརྩི ས་ནས་གླེང་སློང་བྱེད་ཀྱི་ཡིན་སྐོ ར་སོགས་ཚོགས་པའི་ངོས་ནས་མ་འོངས་ པར་བོད་དོན་སྐོར་ཁྱབ་བསྒྲགས་ཤུ གས་ཆེན་པོ་བྱ་རྒྱུའི་ཞལ་བཞེས་ དང་། དེ་ཡང་ཁ་ནས་བཤད་པ་ཙམ་མ་ཡིན་པར་ དོན་དག་ངོ་མའི་ཐོག་ནས་ལག་ལེན་ བསྟར་གྱི་ཡིན་ཞེས་གསུངས་པ་དང་། དེ་བཞིན་བོད་པ་ཚོས་རྒྱ་གར་གྱི་ རྒྱལ་དར་དང་། རིག་གཞུང་ལ་གུས་བརྩི་ཆེན་པོ་ ཞུ་བཞིན་ཡོད་དུས་རྒྱ་གར་བ་ཚོས་ བོད་པ་ཚོར་མཐུན་འགྱུར་རྒྱབ་སྐྱོ ར་གནང་རྒྱུ་ནི་རང་བཞིན་གྱི་ལས་ འགན་ཆགས་ཡོད་སྐོར་དང་། བོད་མིའི་རང་དབང་འཐབ་རྩོད་ནི་རྒྱ ་གར་གྱི་བདེ་འཇགས་དང་འབྲེལ་བ་ ཆགས་ཀྱི་ཡོད་པ་སོགས་གསུངས་ གནང་སོང་།
གཞན་ཡང་སྐུ་ཞབས་ཁོང་གིས་སྔ་དྲོ་ དཔལ་ལྡན་ཚོགས་གཞོན་མཆོག་དང་ལྷན་ མཇལ་འཕྲད་གནང་བའི་ཐོག་ནས་རྒྱ་ གར་གྱི་རང་དབང་འཐབ་རྩོད་པ་གྲགས་ ཅན་སྐུ་ཞབས་ཛཱཡཱ་པྲ་ཀཱཤ་ན་ར་ཡན་ (Jai Prakash Narayan) མཆོག་གིས་བོད་སྐྱོབས། ཧི་མ་ལ་ཡ་སྐྱོབས་གསུངས་ཡོད་པའི་ གནས་ཚུལ་དང་། རྒྱ་གར་གྲོས་ཚོགས་འཐུས་མི་མང་པོ ས་རྒྱ་གར་གྲོས་ཚོགས་གོང་འོག་གཉི ས་ཀའི་ནང་བོད་དོན་སྐོར་གླེང་སློ ང་གནང་ཡོད་པ་སོགས་བོད་དོན་སྐོར་ གང་ཙམ་མཁྱེན་རྟོགས་བྱུང་ཞེས་གསུ ངས་གནང་སོང་།
དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོ གས་གཞོན་མཆོག་གིས་ཐོག་མར་བོད་མི ་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ ཞུས་ཏེ་མཛད་སྒོར་ཕེབས་པའི་སྐུ་ མགྲོན་ཡོངས་ལ་འཚམས་འདྲི་དང་སྦྲ གས་གསུང་དོན། སྤྱིར་འཛམ་གླིང་ནང་རྒྱལ་ཁབ་ ༢༥༠ ཙམ་ཡོད་པ་དང་། དེ་ཡང་རྒྱལ་ཁབ་ ༡༢ མ་གཏོགས་གཞན་ཚང་མ་མང་གཙོའི་ལམ་ ལུགས་ཀྱི་རྒྱལ་ཁབ་རེད། འཛམ་གླིང་ནང་རང་དབང་མེད་པའི་རྒྱ ལ་ཁབ་ ༣༥ ཡོད་པའི་ཁོངས་ནས་བོད་དེ་གཅིག་རེ ད། རང་དབང་ཡོད་མེད་ལ་མ་ལྟོས་པར། རྒྱལ་ཁབ་ཚང་མར་སོ་སོའི་ངོ་བོ་ མཚོན་རྒྱུར་མེད་དུ་མི་རུང་བའི་ ཆ་རྐྱེན་གཙོ་བོ་བཞི་ཡོད། དེ་དག་ནི་མི་སེར་དང་། ས་ཁྱོན། སྲིད་གཞུང་། བླ་ན་མེད་པའི་དབང་ཚད་བཅས་ཡིན། བླ་ན་མེད་པའི་དབང་ཚད་ཐོག་གཙོ་བོ ་ལྔ་ཡོད། རྒྱལ་ཁབ་ཀྱི་རྒྱལ་དར་དང་། རྒྱལ་གླུ། སྐད་ཡིག རྒྱལ་རྟགས། རྒྱལ་ཁབ་ཀྱི་དམིགས་བསལ་གྱི་ཉིན་ མོ་བཅས་རེད། ཆ་རྐྱེན་དེ་རྣམས་རྒྱལ་ཁབ་ཚང་མར་ གཅིག་མཚུངས་ཡོད་ཅིང་། རྒྱ་གར་ལའང་དེ་ལྟར་ཡོད།
ང་ཚོ་བོད་ལ་ཆ་བཞག་ན། རྒྱལ་ཁབ་ཀྱི་ངོ་བོ་མཚོན་ཆེད་ཆ་ རྐྱེན་དེ་དག་ཚང་མ་ཡོད་ཀྱང་། རྒྱ་དམར་གྱིས་བོད་ས་བཙན་བཟུང་བྱ ས་རྐྱེན་ང་ཚོ་བཙན་བྱོལ་ལ་གནས་ དགོས་པ་ཆགས་ཡོད། བོད་ནང་གཞིས་བཞུགས་བོད་མི་སེར་ སྐྱ་དབྱེར་མེད་རྒན་གཞོན་དར་གསུ མ་གྱིས་༧གོང་ས་མཆོག་གི་སྐུ་པར་ དང་། བོད་ཀྱི་རྒྱལ་དར་བསྣམས་ནས་རྒྱ་ དམར་གཞུང་ལ་ཞི་རྒོལ་བྱས་དང་བྱེ ད་བཞིན་ཡོད། བཙན་བྱོལ་སྤྱི་ཚོགས་ནང་བོད་མིའི ་བླ་ན་མེད་པའི་དབུ་འཁྲིད་སྤྱི་ ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་ མཆོག་གི་དབུ་འཁྲིད་འོག་བོད་མི་ འབུམ་གཅིག་དང་སྟོང་ཕྲག་ལྔ་བཅུ་ ཙམ་ཡོད་པ་དང་། གཞན་བོད་མི་ས་ཡ་བཞི་ལྷག་ཙམ་ བོད་ནང་བཞུགས་ཡོད། ང་ཚོ་བཙན་བྱོལ་ལ་སླེབས་ནས་ད་བར་ ལོ་ངོ་ ༦༡ ཙམ་འགྲོ་བཞིན་ཡོད་པ་དང་། དེའི་རིང་གཙོ་བོ་༧གོང་ས་མཆོག་ དང་། རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲི ན། མི་ཐོག་རྒན་པ་རྣམ་པས་སྐུ་ངལ་ བཅས་བསྐྱོན་པར་བརྟེན་ནས། བོད་ཀྱི་གནད་དོན་ནི་རྒྱལ་སྤྱིའི ་སྟེང་སླེབས་ཐུབ་པ་མ་ཟད། ད་ཆ་འཛམ་གླིང་ཡོངས་ཁྱབ་ཆགས་ཡོད་ པར་སོང་། རྒྱ་གར་གཞུང་མང་གཉིས་ནི་བོད་མིར་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་ ཡིན།
བོད་ལ་རང་དབང་ཡོད་པའི་སྐབས་ལ་ འཕགས་བོད་གཉིས་དབར་ཆོས་དང་། སྐད་ཡིག རིག་གཞུང་། ས་མཚམས། ཁོར་ཡུག ཚོང་འབྲེལ་སོགས་ཀྱི་འབྲེལ་བ་ཡོ ད་པ་མ་ཟད། བོད་ནི་རྒྱ་གར་གཙོས་པའི་ཁྱིམ་ མཚེས་རྒྱལ་ཁབ་མང་པོ་ཞིག་གི་ཆུ་ བོའི་འབྱུང་ཁུངས་ཡང་ཆགས་ཀྱི་ཡོ ད། འཕགས་བོད་གཉིས་ཀྱི་འབྲེལ་བ་ནི་ ལོ་རྒྱུས་གཏིང་ཟབ་ཡོད་པའི་འབྲེ ལ་བ་ཞིག་རེད་མ་གཏོགས་པས། བཙན་བྱོལ་ནང་སླེབས་པའི་རྗེས་ལ་ ཧོབ་སྟེ་འབྲེལ་བ་བྱུང་བ་ཞིག་མ་ རེད། རྒྱ་གར་གཞུང་མང་གཉིས་ནས་ད་བར་བོ ད་དོན་དང་བོད་མིར་རྒྱབ་སྐྱོར་ཤུ གས་ཆེན་པོ་གནང་དང་གནང་མུས་ཡིན་ པ་དང་། ད་རེས་ཁྱེད་རྣམ་པས་མུ་མཐུད་སྔར་ ལྷག་ནུས་པ་ལྡན་པའི་རྒྱབ་སྐྱོར་ གནང་གི་ཡིན་ཞེས་གསུངས་པར་ངས་གཞི ས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྤྱིར་ད་ལྟའི་ཆར་ཏོག་དབྱིབས་ནད་ ཡམས་རྐྱེན་པས་འདུ་འཛོམས་བྱ་རྒྱུ ་སོགས་ཁག་པོ་ཡོད་ཀྱང་། ཁྱེད་རྣམ་པ་འདིར་ཕེབས་ནས་བོད་ཀྱི ་རྩ་དོན་ཆེད་མ་འོངས་པར་ལས་འགུལ་ གཞི་རྒྱ་ཆེན་པོ་སྤེལ་འཆར་ཡོད་ གནས་སོགས་བོད་དོན་རྒྱབ་སྐྱོར་གྱི ་རྣམ་པ་གསལ་པོར་བསྟན་པ་ལའང་ཐུ གས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་གོ་སྐབས་འདི་བརྒྱུད་ཁྱེ ད་རྣམ་པས་ད་རེས་བོད་ཀྱི་དངོས་ཡོ ད་གནས་ཚུལ་གང་ཐོས་པ། གང་གཟིགས་པ་རྣམས་རྒྱ་གར་གྱི་སྲི ད་བློན་མཆོག་གི་སྙན་དུ་གསོལ་རོ གས་ཞུ་རྒྱུ་དང་། བོད་དོན་བདེན་མཐའ་མ་གསལ་བར་མུ་ མཐུད་བོད་དོན་ཐོག་རྒྱབ་སྐྱོར་ གནང་སྐྱོང་བའི་འབོད་སྐུལ་ཞུ་རྒྱུ ་ཡིན།
ད་རེས་རྒྱ་ནག་ཝུ་ཧན་ནས་མཆེད་པའི ་ཏོག་དབྱིབས་ནད་ཡམས་དེས་མི་མང་ འབུམ་ཕྲག་མང་པོའི་ཚེ་སྲོག་འཕྲོ ག་ཡོད་པ་མ་ཟད། མི་རྒྱུ་གཉིས་ལ་ཧ་ལས་པའི་དཀའ་ ངལ་ཆེན་པོ་བཟོས་ཡོད། དེ་ལྟ་བུ་འཛམ་གླིང་དམག་ཆེན་གཉི ས་པའི་སྐབས་སུའང་བྱུང་མེད། དེ་སྔོན་ང་ཚོས་བོད་ནང་གི་དངོས་ ཡོད་གནས་ཚུལ་དྲིལ་བསྒྲགས་ག་ཚོད་ བྱས་ཀྱང་འཛམ་གླིང་མི་མང་ནས་དེ་ ཙམ་གྱི་དོ་སྣང་དང་ཡིད་ཆེས་བྱེད་ ཀྱི་མེད་ཀྱང་། ད་རེས་ནད་ཡམས་དེས་རྐྱེན་བྱས་ཏེ་ འཛམ་གླིང་མི་མང་གིས་རྒྱ་དམར་གྱི ་སྲིད་བྱུས་དང་། བྱ་སྤྱོད་ངན་པ་ཚང་མ་ཤེས་རྟོགས་ བྱུང་ཡོད། དེར་བརྟེན་ད་ཆ་བོད་ཀྱི་གནད་དོན་ ཐོག་རྒྱབ་སྐྱོར་གནང་མཁན་དེ་བས་ ཇེ་མང་དུ་འགྲོ་བཞིན་ཡོད། དེས་མ་ཟད། བོད་ཀྱི་གནད་དོན་དེ་རྒྱ་གར་གྱི་ བདེ་འཇགས་དང་འབྲེལ་བ་ཆེན་པོ་ཡོ ད། འཕགས་བོད་ས་མཚམས་ལ་རྒྱ་དམར་གཞུ ང་གིས་ག་དུས་ཡིན་ནའང་རྙོག་གྲ་ བཟོ་གི་ཡོད། ས་མཚམས་ལ་རྒྱལ་ཁབ་སྲུང་སྐྱོབ་ གནང་མཁན་མང་པོ་ཞིག་རྒྱལ་ཁབ་ཆེད་ འདས་གྲོངས་སུ་ཕྱིན་ཡོད། ན་ནིང་བོད་མི་དང་ཞབས་པ་ཉི་མ་བསྟ ན་འཛིན་ལགས་ཀྱང་ས་མཚམས་སུ་རྒྱལ་ ཁབ་སྲུང་སྐྱོབ་ཆེད་འདས་གྲོངས་སུ ་ཕྱིན་ཡོད་ཅེས་གསུངས་གནང་སོང་།
གཞན་ཡང་ཚོགས་པ་འདི་བརྒྱུད་དཔལ་ ལྡན་ཚོགས་གཞོན་མཆོག་ལ་ཆེ་བསྟོད་ ཕྱག་རྟགས་ཤིག་ཕུལ་བ་དང་། དེ་བཞིན་བོད་པའི་འཐབ་རྩོད་ལ་ཕན་ པའི་ཆེད་དུ་དཔལ་ལྡན་ཚོགས་གཞོན་ མཆོག་ཚོགས་པ་འདིའི་སློབ་སྟོན་ པར་བསྐོ་གཞག་གནང་སོང་། རྩ་བའི་སྔོན་ནས་ཚོགས་པ་དེར་སློ བ་སྟོན་པ་བཅུ་གཅིག་ཡོད་འདུག་པ་ དང་། དཔལ་ལྡན་ཚོགས་གཞོན་མཆོག་ནི་སློ བ་སྟོན་པ་བཅུ་གཉིས་པ་དེ་ཆགས་ཀྱི ་ཡོད་འདུག
ཕྱོགས་མཚུངས་བོད་པའི་བླ་སྨན་དམ་ པ་ཡེ་ཤེས་དོན་ལྡན་ལགས་དང་། ཁོང་གི་དགེ་ཕྲུག་སྨན་པ་གཉིས། དེ་བཞིན་ས་གནས་སྲི་ཞུ་བ་གཅིག་ བཅས་ལ་ཆེ་བསྟོད་ཕྱག་རྟགས་ཕུལ་ གནང་སོང་།
མཐར་བོད་དོན་རྒྱབ་སྐྱོར་བ་སྐུ་ ཞབས་རི་ཤི་ཝ་ལ་ཡ་ (Rishi Walia) ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུ ང་བཤད་གནང་རྗེས། མཛད་སྒོ་རྒྱལ་ཁའི་ངང་གྲོལ་གནང་ ཡོད་པ་བཅས། །