ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༡ ལོའི་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་བརྒྱ་ཆ་ ༩༥ ལོན་པ་དང་། བོད་ཡིག་སློབ་ཚན་ཐོག་ཉུང་མཐར་བརྒྱ་ཆ་ ༧༥ ལོན་པའི་བོད་རིགས་རྩེ་ཕུད་སློབ་མ་གྲངས་བཅུ་ལ་སྲིད་སྐྱོང་གཟེངས་བསྟོད་ཀྱི་ལག་འཁྱེར་དང་ལེགས་སྐྱེས་ཧིན་སྒོར་ ༢༥,༠༠༠།༠༠ གནང་རྒྱུ་ཡིན་པས། དེ་དོན་བརྒྱ་ཆ་སོན་པའི་སློབ་མ་རྣམས་ནས་གཤམ་འཁོད་དགོས་ངེས་ཡིག་ཆ་ཁག་ལ་དག་མཆན་བཀོད་དེ་ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༣༠ ནང་ཚུད་ཤེས་རིག་ལས་ཁུངས་སུ་འབུལ་ཐུབ་པ་དགོས།
གཟེངས་བསྟོད་བྱ་དགའ་འབུལ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། སློབ་ཕྲུག་རྣམས་ནས་སློབ་སྦྱོང་བྱ་རྒྱུར་སྔར་ལྷག་འབད་བརྩོན་དང་སེམས་སྐུལ་ཐེབས་པའི་ཐོག་འབད་བརྩོན་དང་གྲུབ་འབྲས་ལའང་ངོས་འཛིན་ཞུ་བཞིན་ཡོད། མ་འོངས་པར་ཁོང་རྣམ་པས་སློབ་སྦྱོང་ཐོག་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་སྤྱི་ཚོགས་ཁྲོད་ཞབས་འདེགས་གནད་སྨིན་ཞུ་ཐུབ་པའི་རེ་སྨོན་ཞུ་བཞིན་ཡོད།
༡༽ དོ་བདག་གི་དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མ་གཉིས་ཀྱི་ངོ་བཤུས།
༢༽ འཛིན་རིམ་ ༡༠ པའི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག
ཆེ་བསྟོད་ཞུ་ཡུལ། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ར།
ཆེ་བསྟོད་ཞུ་ཚེས། ༢༠༢༡ ཟླ་ ༩ ཚེས་ ༢ ཉིན་མང་གཙོའི་དུས་ཆེན་ཉིན་གྱི་གཞུང་འབྲེལ་མཛད་སྒོའི་ཐོག།
བྱ་དགའ་ཐོབ་མཁན་དང་མཉམ་འཁྲིད་གནང་མཁན་དྷ་སར་ཕེབས་སྐབས་གྲང་གློག་མེ་འཁོར་ཉལ་ཁྲི་ཉིས་བརྩེགས་ (AC 2 TIER) དང་སྤྱི་འཁོར་ལེགས་གྲས་ཀྱི་ལམ་གྲོན། ཉིན་རེར་ལྟོ་དོད་ཧིན་སྒོར་ ༣༠༠ ཡོད། ལམ་བར་ཞག་སྡོད་དགོས་ངེས་ཡིན་ཚེ་ཉིན་རེར་ཁང་གླའི་དོད་མང་མཐར་ཧིན་སྒོར་ ༥༠༠ གནང་རྒྱུ། གོང་གསལ་འགྲོ་གྲོན་ཁག་རྩིས་འཕེར་ཡོང་སླད་ཁང་གླ་དང་། མེ་འཁོར། སྤྱི་འཁོར་སོགས་ཀྱི་འབིལ་འཛིན་ངོ་མ་འདི་ག་འབྲེལ་ཡོད་ལས་ཁུངས་སུ་ཆབས་འབུལ་ཞུ་དགོས།
འབྲེལ་གཏུག་ཁ་བྱང་།
བསོད་ནམས་བཟང་མོ། [email protected]
བློ་གྲོས་རབ་གསལ། [email protected]
འབྲེལ་གཏུག་ཁ་པར་ཨང་། ༩༨༠༥༢༠༣༡༨༢
སྙན་ཞུ་འབུལ་ཡུལ་ཁ་བྱང་།
Secretary
Department of Education
Central Tibetan Administration
Gangchen Kyishong, Dharamsala – 176215
Distt. Kangra, Himachal Pradesh, India
Ph: 01892 – 222572, 222721, 226695
E-mail: [email protected] or [email protected]