ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༣ རེས་གཟའ་ཉི་མའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ནས་འགོ་འཛུགས་ཀྱིས་ཕྱི་དྲོ་ཆུ་ཚོད་ ༦ བར་ཉི་ཧོང་གནས་སྡོད་བོད་མི་ལོ་ན་བཅོ་བརྒྱད་ཡན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་སྤྱི་འཐུས་འོས་འདེམས་ཆེད་སྔོན་འགྲོའི་འོས་ཤོག་འཕངས་ཡོད། དེ་ཡང་འོས་བསྡུའི་སྒྲིག་གཞི་ལྟར་ཕྱི་ཚེས་ ༥ ཉིན་འོས་གྲངས་བཤེར་གནང་རྒྱུ་ཡིན་པ་བཅས། །