ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༨ ཉིན་ཨ་རིའི་རྒྱལ་ཡོངས་མང་གཙོ་
འཚམས་འཕྲིན་ནང་འཁོད་དོན། ལྕམ་སྐུ་ཁྱེད་ནི་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ གནང་མཁན་ཞིག་ཡིན་པ་མ་ཟད། བོད་ཀྱི་རྩ་དོན་ཐོག་ལའང་རྒྱབ་སྐྱོ ར་ཤུགས་ཆེ་གནང་མཁན་ཞིག་དང་། བོད་ནང་ཡོད་པའི་སྨྲ་བརྗོད་རང་ དབང་མེད་པའི་བོད་མི་རྣམས་ཀྱི་ མགྲིན་ཚབ་པ་ཞིག་ཀྱང་ཡིན།
ལྕམ་སྐུ་ཁྱེད་ནི་དྲང་བདེན་དང་། འགྲོ་བ་མིའི་རིན་ཐང་བཅས་ཀྱི་ཐོ ག་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ པར་ང་ཚོས་ཡིད་ཆེས་ཡོད། སྐུ་ཉིད་ནས་བོད་ཀྱི་རྩ་དོན་རྒྱ ལ་སྤྱིའི་སྡིངས་ཆའི་ཐོག་སླེབས་ རྒྱུར་ད་བར་སྐུ་ངལ་ཆེན་པོ་བསྐྱོ ན་པར་བསྔགས་བརྗོད་དང་ཐུགས་རྗེ་ ཆེ་ཞུ་རྒྱུ་ཡིན།
ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་ ནང་ཏོག་དབྱིབས་གཉན་རིམས་རྒྱ་ཁྱ བ་ཏུ་འགྲོ་བཞིན་པའི་སྐབས་འདིར་ གཏམ་བཟང་དེ་འདྲ་ཞིག་ཐོན་པ་དེས་ ང་ཚོ་བོད་མི་ཚོ་དང་། མང་གཙོར་དགའ་ཞེན་ཡོད་མཁན་རྣམས་ དགའ་ཚོར་ཆེན་པོ་བྱུང་བ་མ་ཟད། རེ་བ་གསར་པ་ཞིག་སྤྲད་གནང་ཡོད།
ལྕམ་སྐུ་ཁྱེད་ནི་བོད་ནང་གི་གནས་ སྟངས་ཐོག་རྒྱུས་མངའ་གཏིང་ཟབ་ཡོ ད་མཁན་ཞིག་རེད། སྐུ་ཉིད་ནས་མཁྱེན་གསལ་ལྟར། ད་ལྟ་བོད་ནང་རྒྱ་ནག་དམར་གཞུང་འོ ག་བོད་མི་རྣམས་མུ་མཐུད་གདུག་སྦྱོ ང་མནར་གཅོད་མྱོང་བཞིན་ཡོད། བོད་ནང་གི་གནས་སྟངས་ནི་དེ་ལྟར་ དཀའ་ངལ་ཆེན་པོ་ཡོད་ནའང་། བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ ཁྱེད་ལྟ་བུ་ཡོད་སྟབས། མགྱོགས་མྱུར་བོད་ནང་རང་དབང་སླར་ གསོ་དང་ཞི་བདེ་ལྷིང་འཇགས་ཡོང་རྒྱུ ར་ང་ཚོས་རེ་བ་བྱེད་ཀྱི་ཡོད།
བོད་པའི་འཐབ་རྩོད་ཐོག་གྲོགས་པོ་ བརྟན་པོ་ལྕམ་སྐུ་ཁྱེད་ལྟ་བུ་ཡོ ད་པ་ནི་ང་ཚོར་བཀའ་དྲིན་ཆེན་པོ་ ཡིན་པ་དང་། འབྱུང་འགྱུར་སྐུ་ཉིད་དང་ལྷན་འབྲེ ལ་བ་སྔར་ལྷག་དམ་ཟབ་ཡོང་ངེས་ཡིན། གོ་སྐབས་འདི་བརྒྱུད་སྐུ་ཉིད་ནས་ ད་བར་བོད་དོན་ཐོག་ལྷག་བསམ་རྣམ་ དག་གིས་རྒྱབ་སྐྱོར་གནང་བར་ང་ཚོ ས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་ཨ་རིའི་གྲོས་ཚོགས་ནང་བོ ད་དོན་དང་འབྲེལ་བའི་གལ་ཆེའི་ཁྲི མས་འཆར་ཁག་གཏན་འབེབས་གནང་བ་དང་། སྐུ་ཉིད་ནས་ཨ་རིའི་ཆབ་སྲིད་ཚོ གས་པ་ཐུན་མོང་ལས་གྲུབ་པའི་གྲོས་ ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོ གས་ཆུང་བོད་ནང་སྣེ་འཁྲིད་གནང་བ་ སོགས་ག་དུས་ཡིན་ནའང་བོད་ཀྱི་རྩ་ དོན་ཐོག་རྒྱབ་སྐྱོར་གནང་བར་བཀའ་ དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡི ན།
སྐུ་ཉིད་ནི་བོད་པའི་གནད་དོན་ཐོ ག་ཐུགས་ཁུར་ཆེན་པོ་གནང་མཁན་ཞིག་ ཡིན་སྟབས། མ་འོངས་པར་མུ་མཐུད་ང་ཚོའི་མཉམ་ དུ་ཡོད་པའི་ཡིད་ཆེས་ཡོད།
ཁྱེད་ཀྱི་དབུ་འཁྲིད་དང་། རྩ་དོན་ཐོག་ཕྱག་ལས་གནང་ཕྱོགས་ལ་ ང་ཚོ་ཚང་མས་ཡིད་སྨོན་ཆེན་པོ་བྱེ ད་ཀྱི་ཡོད། འཚེ་བ་མེད་པར་གཞི་བཅོལ་བའི་ང་ཚོ འི་འཐབ་རྩོད་དང་། ང་ཚོས་རྒྱ་ནག་གཞུང་གི་རྩ་ཁྲིམས་ འོག་བོད་རིགས་ཡོངས་ལ་མིང་དོན་ མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེ ད་བཞིན་ཡོད་པའི་ཐོག་ཨ་རིའི་གཞུ ང་མང་གཉིས་ནས་མུ་མཐུད་རྒྱབ་སྐྱོ ར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ ་རྒྱུ་ཡིན་ཞེས་འཁོད་འདུག །