ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༡ ནས་ ༢༢ བར་ཉིན་གྲངས་གཉིས་རིང་སྦན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས་དང་། ཚབ་གསར་ས་གནས་འགོ་འཛིན་མིག་དམར་བཀྲ་ཤིས་ལགས་རྣམ་གཉིས་དབར་ལས་འགན་རྩིས་སྤྲོད་རྩིས་ལེན་གནང་ཡོད།
དེ་ཡང་རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་ལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ཏུ་ནོར་རྒྱས་གླིང་མཉམ་འབྲེལ་ཚོགས་གཙོ་ཕུན་ཚོགས་བཀྲ་ཤིས་ལགས་སྤྲོད་དཔང་གིས་འགན་འཁུར་བཞེས་ཐོག་ཕྱི་ཚེས་ ༢༡ ཉིན་ས་གནས་འགོ་འཛིན་གྱི་བདག་དབང་དུ་ཡོད་པའི་གལ་ཆེ་ཡིག་ཆ་ཁག་དང་། ས་ཁྲ། མཁར་དབང་བཅས་རྩིས་ལེན་རྩིས་སྤྲོད་གནང་།
ཉིན་རྒྱབ་ས་གནས་འཕྲོད་བསྟེན་ཡན་ལག་སྨན་ཁང་དང་། ཡན་ལག་སྨན་རྩིས་ཁང། སློབ་གྲྭ། ཚེམ་བཟོ་ཁང་བཅས་སུ་འཚམས་གཟིགས་ངོ་སྤྲོད་དང་། དེ་བཞིན་ཉེན་རྟོག་ལས་ཁུངས་ཀྱི་འགན་འཛིན་སཱན་དིབ་ ( Sandeep ) ལགས་དང་མཇལ་འཕྲད་གནང་ཡོད།
ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོར་ས་གནས་འགོ་འཛིན་གྱི་ཞབས་སྟེགས་བརྗེ་ལེན་གནང་གྲུབ་མཚམས་ས་གནས་ཀྱི་གནད་ཡོད་མི་སྣ་ཚང་འཛོམས་ཐོག་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད། ཉིན་རྒྱབ་ས་གནས་རྒྱ་གར་སྨན་ཁང་གི་འགན་འཛིན་སོགས་དང་མཇལ་འཕྲད་གནང་ཡོད་པ་བཅས། །