ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། །དབུས་འོས་བསྡུ་ལས་ཁང་ནས་འབིར་བོད་ཚོགས་ས་གནས་འཐུས་ཚོགས་སྐབས་ ༡༠ པའི་ཚོགས་གཙོ་ནམ་ལངས་རྡོ་རྗེ་ལགས་དགོངས་པ་རྫོགས་པའི་གསར་འདེམས་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱི་ལས་འཁུར་དམ་འབུལ་ཡོང་བའི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་ནས་འབིར་བོད་ཚོགས་ཀྱི་སྐབས་ ༩ པའི་ཚོགས་གཞོན་ཟུར་པ་ཡེ་ཤེས་རྒྱ་མཚོ་ལགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ ཆ་རྐྱེན་འོག་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༩ ཉིན་འབིར་བོད་ཚོགས་ས་གནས་འཐུས་ཚོགས་སྐབས་ ༡༠ པའི་ཚོགས་གཙོ་ཚབ་གསར་རྒྱལ་པོ་དོན་འགྲུབ་ལགས་དང་། ཚོགས་གཞོན་ཚབ་གསར་ཨ་སྦོ་མཁྱེན་བརྩེ་ཤེས་རབ་ལགས་གཉིས་ནས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པ་བཅས། །