ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༨ ནས་ ༡༡ བར་ཉིན་གྲངས་བཞིའི་རིང་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་མིག་དམར་བཀྲ་ཤིས་ལགས་དང་། ཚབ་གསར་བསྟན་འཛིན་ཟླ་སྒྲོན་ལགས་རྣམ་གཉིས་དབར་ལས་འགན་རྩིས་ལེན་རྩིས་སྤྲོད་གནང་ཡོད།
དེ་ཡང་ས་གནས་ཀྱི་མཉམ་དྲུང་བསྟན་འཛིན་དཔལ་འབྱོར་ལགས་ཀྱིས་སྤྲོད་དཔང་གིས་འགན་ཁུར་བཞེས་པའི་ཐོག་ས་གནས་འགོ་འཛིན་གསར་རྙིང་དབར་ས་འགོའི་བདག་དབང་དུ་ཡོད་པའི་རྩ་འཛིན་གྱིས་གཙོས་ལས་ཁུངས་ཀྱི་ཡིག་སྣོད་སོགས་རྩིས་ལེན་རྩིས་སྤྲོད་གནང་ཡོད།
སྐབས་དེར་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི་རྣམ་པ་དང་། ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་མཉམ་ཞུགས་གནང་ཡོད་པ་བཅས། །