ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༥ རེས་གཟའ་མིག་དམར་ཉིན་རྒྱ་གར་གུ་ཇ་རཱ་ཊ་ (Gujarat) མངའ་སྡེའི་ནང་བོད་དང་བོད་མིའི་རང་དབང་ལས་འགུལ་ལ་རྒྱབ་སྐྱོར་ཐོག་མར་གནང་མཁན་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་ཚོགས་གཞོན། དེ་བཞིན་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་སྤི་ཇི་ཇོ་ཏི་ཀར་ (P.G. Jyotikar) ལགས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་དང་། འདི་ལོ་སྐུ་ཞབས་ཁོང་དགུང་ལོ་ ༨༦ ཡིན་འདུག
རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་སྐུ་ཞབས་སྤི་ཇི་ཇོ་ཏི་ཀར་ (P. G. Jyotikar) ལགས་འདས་གྲོངས་སུ་གྱུར་བར་མྱ་ངན་གུས་འདུད་ཞུས་ཡོད་པ་དང་། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ཁིར་མེ་ (R.K.Khrimey) ལགས་ཀྱིས་ཐུགས་གསོའི་འཕྲིན་ཡིག་ཕུ
ཁོང་ནི་ནང་པ་སངས་རྒྱས་པའི་རྗེས་འབྲང་བ་ཞིག་ཡིན་པ་དང་། འདས་པའི་ལོ་ངོ་ ༤༠ ལྷག་རིང་ཁོང་གིས་བཙན་བྱོལ་བོད་མིའི་རྩ་དོན་ཆེད་འཐབ་རྩོད་གནང་ཡོད། ཅེས་འཁོད་འདུག
དེ་ཡང་ཕྱི་ལོ་ ༡༩༩༦ ཟླ་ ༡༢ ཚེས་ ༡༠ ཉིན་རྒྱ་གར་གྱི་མངའ་སྡེ་གུ་ཇི་རཱ་ཏི་ཡི་གྲོང་ཁྱེར་ཨེ་ཧམྡ་བྷཱད་ (Ahmedabad) ནང་ཐེངས་དང་པོའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་འདུ་ཚོགས་སྐབས། སྐབས་དེའི་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་སྐུ་ཞབས་སྤི་ཇི་ཇོ་ཏི་ཀར་ལགས་ལ་བོད་ཀྱི་རྒྱལ་དར་ཞིག་ལེགས་སྐྱེས་སུ་ཕུལ་ཡོད།
སྐུ་ཞབས་ཁོང་གིས་དགུན་དུས་སྐབས་རྒྱ་གར་གུ་ཇ་རཱ་ཊ་མངའ་སྡེའི་གྲོང་ཁྱེར་ཨེ་ཧམྡ་བྷཱད་ནང་གི་བོད་མི་སུད་ཚོང་བ་རྣམས་ལ་མཐུན་འགྱུར་རོགས་རམ་ཤུགས་ཆེ་གནང་ཡོད་པ་དང་། སྐུ་ཞབས་ཁོང་གི་རོགས་སྐྱོར་མེད་ན་བཙན་བྱོལ་བོད་མི་རྣམས་ཀྱིས་མངའ་སྡེ་དེའི་ནང་ཚོང་བརྒྱག་རྒྱུ་ལས་སླ་པོ་ཞིག་མིན།
རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་སྐུ་ཞབས་ཁོང་འདས་གྲོངས་སུ་གྱུར་བར་མྱ་ངན་གུས་འདུད་དང་སྦྲགས། ཁོང་མགྱོགས་མྱུར་མི་ལུས་ཐོབ་པའི་སྨོན་ལམ་འདེབས་ཡོད་པ་བཅས། །