ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕ་རན་སི་བོད་རིགས་ཚོགས་པའི་གོ་ སྒྲིག་འོག་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༠ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་ མགོན་ཆེན་པོ་མཆོག་ལ་འཛམ་གླིང་ ནང་ཆེས་སྙན་གྲགས་ཅན་གྱི་ནོ་སྦེ ལ་ཞི་བདེའི་གཟེངས་རྟགས་འབུལ་བཞེ ས་མཛད་ནས་མི་ལོ་ ༣༡ འཁོར་བའི་དུས་ཆེན་དང་། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མི འི་ཐོབ་ཐང་ཉིན་མོ་འཁེལ་བ་དང་སྟ བས་བསྟུན། ༸རྒྱལ་བའི་བཀའ་དྲིན་རྗེས་དྲན་སྲུ ང་བརྩི་དྲྭ་ལམ་ནས་ཐད་གཏོང་བརྒྱུ ད་སྲུང་བརྩི་ཞུས་པའི་ཐོག་དཔལ་ལྡ ན་བོད་མི་མང་སྤྱི་འཐུས་ཚོགས་གཙོ ་པདྨ་འབྱུང་གནས་མཆོག་གདན་ཞུས་ལྟ ར་མཉམ་ཞུགས་ཀྱིས་༸གོང་ས་མཆོག་གི ་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་ གསུང་བཤད་གནང་འདུག
སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོ ག་གིས་གསུང་བཤད་གནང་དོན། དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་ མགོན་ཆེན་པོ་མཆོག་ལ་འཛམ་གླིང་ ནང་གི་ཆེས་སྙན་གྲགས་ཆེ་བ་ནོ་སྦེ ལ་ཞི་བདེའི་གཟེངས་རྟགས་འབུལ་བཞེ ས་བསྐྱངས་ནས་ལོ་ངོ་ ༣༡ དང་། འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ ༧༢ པ་དེའི་མཛད་སྒོ་དང་སྟབས་བསྟུན། ཕ་རན་སི་བོད་རིགས་ཚོགས་པ་ནས་༸གོ ང་ས་༸སྐྱབས་མགོན་ཆེན་པོའི་བཀའ་ དྲིན་རྗེས་དྲན་གྱི་མཛད་སྒོ་གནང་ བ་དང་། མཛད་སྒོ་འདིར་ཕྲན་རང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཡོ ལ་དུ་མེད་པའི་ཐུགས་བསྐྱེད་དམ་ བཅའ་བཞིའི་སྐོར་སྐར་མ་བཅུའི་ནང་ ཤོད་དགོས་ཞེས་ཕེབས་པ་ལྟར། རྩ་བའི་ཕྲན་ལྟ་བུས་༧རྒྱལ་བའི་ དགོངས་པ་མུ་མཐའ་མེད་པ་དེ་དག་གི་ ཐོག་སྐད་ཆ་བཤད་ན་མི་འཚམས་པ་ལྟ་ བུ་མཐོང་གི་འདུག་ནའང། རྣམ་པ་ཚོས་བཀའ་གནང་བ་དེ་བཞིན་ཟློ ག་མི་ཤེས་པའི་ཐོག་ནས་མདོར་བསྟན་ གྱི་ཚུལ་དུ་ཞུ་ཁུལ་བྱ་རྒྱུ་ཡིན། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་ པོ་མཆོག་གི་མཛད་པ་འཕྲིན་ལས་ནི་ ༧རྒྱལ་དབང་གོང་མ་ཐམས་ཅད་ཀྱི་ མཛད་འཕྲིན་ཐམས་ཅད་ཕྱོགས་གཅིག་ཏུ ་སྤུངས་ནས་བསྡུར་བ་ཡིན་ནའང་བསྡུ ར་ཐབས་མེད་པ་ཞིག་ཆགས་བསྡད་ཡོད།
ཐུགས་བསྐྱེད་དམ་བཅའ་དང་པོ། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་ མགོན་ཆེན་པོ་མཆོག་འགྲོ་བ་མི་ཞི ག་ཡིན་པའི་ཆ་ནས་འགྲོ་བ་མིར་ཞབས་ འདེགས་ཇི་ལྟར་འགྲུབ་དགོས་པའི་ དགོངས་པ་བཞེས་པའི་ཐོག་ནས། འགྲོ་མི་ཐམས་ཅད་བདེ་བ་འདོད་པ་ དང། སྡུག་བསྔལ་མི་འདོད་པ་གཅིག་གྱུར་ ཡིན་པ། དེར་ཆོས་ཁས་ལེན་དང་མི་ལེན་གྱི་ དབྱེ་བ་མེད་པ། ཆོས་ཁས་ལེན་མཁན་ལ་བདེ་བ་དགོས་པ་ ཇི་བཞིན་ཆོས་ཁས་མི་ལེན་མཁན་ཚོར་ ཡང་བདེ་བ་དགོས་པ་དང། སྡུག་བསྔལ་མི་འདོད་པ། བདེ་བ་དེ་ཡང་ཕྱི་དངོས་པོའི་བདེ་ བ་ལྟར་སྣང་བ་ཙམ་མིན་པར། ནང་སེམས་ཀྱི་བདེ་བ་དེ་གཙོ་བོ་ཆེ ་བ་ཡིན་པ། དེ་ལྟར་ཡིན་དུས་བདེ་བའི་རྒྱུ་ བསྒྲུབ་དགོས་པ་དང། སྡུག་བསྔལ་གྱི་རྒྱུ་སྤོང་དགོས་ པ་ཡིན།
ལྷག་པར་དུ་རང་ལ་ཆགས་པ་དང་གཞན་ལ་ སྡང་བའི་རྒྱུ་དེས་འབྲས་བུ་སྡུག་ བསྔལ་འབའ་ཞིག་ཡོང་གི་ཡོད་པ། མིར་རྣམ་དཔྱོད་གཞན་དང་མི་འདྲ་བ་ ཡོད་པ། རྣམ་དཔྱོད་དེ་བེད་སྤྱོད་ཚུལ་བཞི ན་བེད་སྤྱོད་བཏང་ན་རང་ཙམ་མིན་ པར་འགྲོ་བ་སེམས་ཅན་སྤྱི་ལ་ཕན་ བདེ་རླབས་པོ་ཆེ་བསྒྲུབས་ཐུབ་ཀྱི ་ཡོད་པ། རྣམ་དཔྱོད་དེ་ཚུལ་བཞིན་བེད་སྤྱོ ད་མ་བཏང་ན་རང་ཙམ་མ་ཡིན་པར་སྐྱེ་ འགྲོ་མང་པོ་ལ་སྡུག་བསྔལ་ཟད་མཐའ་ མེད་པ་སྤྲད་ཀྱི་ཡོད། རང་གཞན་རོགས་གསུམ་ཚང་མར་བདེ་བ་ བསྒྲུབ་པར་བཟང་པོའི་སྤྱོད་པ་ལ་ བསྟེན་དགོས་པ་དང། ངན་པའི་སྤྱོད་པ་རྣམས་འདོར་དགོས། བཟང་སྤྱོད་ནང་ཐོག་མ་ཉིད་ནས་རང་ ཆས་སུ་ཡོད་པ་ནི་བྱམས་པ་དང་བརྩེ་ བ་ཡིན། བརྩེ་བ་སྙིང་རྗེ་ཆེན་པོ་དེ་ཡང་ ནང་པའི་ངོས་ནས་བཤད་པ་ཡིན་ན། སློབ་དཔོན་ཟླ་བ་གྲགས་པས་དབུ་མ་ འཇུག་པ་མཛད་པའི་སྐབས་སུ་དང་པོ་ ཉིད་ནས་མཆོད་བརྗོད་དུ། དང་པོ་ང་ཞེས་བདག་ལ་ཞེན་གྱུར་ཅི ང། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེ ད་པ། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་ པར་འཁྱམས། །འགྲོ་ལ་སྙཱིང་རྗེས་གྱུར་གང་དེ་ ལ་མཆོད། ཅེས་གསུངས་ཡོད།
དེས་གང་ཞིག་སྟོན་གྱི་ཡོད་དམ་ཞེ ས་ན། ང་དང་ང་ཡི་བའི་འཛིན་པ་དེས་རང་ དབང་གང་ཡང་མེད་པར་འཁོར་བའི་ནང་ འཁྱམས་ཀྱི་ཡོད་པ། འཁོར་བ་ལ་གནས་ཕྱིན་ཆད་སྡུག་བསྔ ལ་ཁོ་ན་ལས་བདེ་བ་མེད་པ། དེས་ན་འཁོར་བ་ལས་ཐར་དགོས་ཀྱི་ཡོ ད་པ། ཐར་བར་བྱེད་པར་དང་པོ་བྱང་ཆུབ་ མཆོག་ཏུ་ཐུགས་བསྐྱེད་པའི་སྐབས་ ལའང་སྙིང་རྗེ་དགོས་ཀྱི་ཡོད་པ། བར་དུ་བསྐལ་ཆེན་གྲངས་མེད་གསུམ་ དུ་ཚོགས་བསགས་པའི་སྐབས་ལའང་སྙི ང་རྗེ་དགོས་པ། མཐར་མངོན་པར་རྫོགས་པ་སངས་རྒྱས་ པའི་སྐབས་ལའང་སྙིང་རྗེ་དགོས་པ། དེ་ལྟར་ན་སྙིང་རྗེ་ལ་ཕྱག་འཚལ་གྱི ་ཡོད་གསུངས། རང་ཉིད་ཀྱི་རྒྱུད་ལ་བཅོས་མིན་གྱི ་བྱམས་བརྩེ་ཡོད་ན་དངོས་ཤུགས་རྒྱུ ད་གསུམ་ནས་གཞན་ལ་གནོད་པའི་ཀུན་ སློང་དང་བྱ་བ་ཡོང་གི་མེད་པ་རེད།
གཞན་ལ་གནོད་པའི་ཀུན་སློང་དང་བྱ་ བ་མ་བྱས་ན་རང་ལ་ཡང་བདེ་སྐྱིད་ཡོ ང་བ་དང། གཞན་ལའང་བདེ་སྐྱིད་ཡོང་བ། དེ་རིང་ཁ་སང་གི་སློབ་འཁྲིད་བྱེ ད་ཕྱོགས་ཀྱི་སློབ་ཚན་ཚང་མ་ཕྱི་ དངོས་པོ་ཡར་རྒྱས་གཏོང་ཕྱོགས་མ་ གཏོགས་ནང་བསམ་བློ་ཡར་རྒྱས་གཏོང་ ཕྱོགས་ཀྱི་སློབ་ཚན་མེད། དེས་རང་རྒྱལ་གཞན་ཕམ། ང་རྒྱལ། ཕྲག་དོག མགོ་སྐོར། བསླུ་ཁྲིད་ལ་སོགས་ཡོང་གི་ཡོད་པ། དེའི་འབྲས་བུར་སྡུག་བསྔལ་འབའ་ཞི ག་ཡོང་གི་ཡོད་པ། ནང་བསམ་བློ་ཡར་རྒྱས་གཏོང་ཕྱོགས་ ཐད་༧གོང་ས་མཆོག་ནས་གསར་བཏོད་ཀྱི ས་ཚུལ་དུ་བཟང་སྤྱོད་དམ་བྱམས་བརྩེ ་ཁ་ནས་བཤད་པ་ཙམ་མ་ཡིན་པར་ལག་ལེ ན་གྱི་ཐོག་ཏུ་འཇུག་དགོས་པ། དེའི་ཆེད་དུ་འཇིག་རྟེན་ཡོངས་ལ་ འཁྲི་བའི་ལས་འགན། (Universal Responsibility) སྟོང་ལོ་གསར་པའི་བཟང་སྤྱོད། (Ethics for the New Millennium) ཆོས་དང་མ་འབྲེལ་བའི་འཇིག་རྟེན་ སྤྱི་སྨན་གྱི་བཟང་སྤྱོད། (Beyond Religion: Ethics for a whole world) ཨ་རི་ཨེ་མུ་རི་མཐོ་སློབ་དང་ལྷན་ SEE Learning ཞེས་པ་སྤྱི་ཚོགས་དང། ཚོར་ཤེས། བཟང་སྤྱོད་ཀྱི་སློབ་གསོ་དེ་བཞི ན་དེང་གི་ཆར་ཨ་རི་དང། ཁེ་ན་ཌ། རྒྱ་གར་ལ་སོགས་ཡུལ་གྲུ་མང་པོའི་ སློབ་ཚན་གྱི་ཆ་ཤས་སུ་བཞག་ཡོད། དེ་དག་ནི་འབྱུང་འགྱུར་གྱི་མི་ རབས་གསར་པ་ཚོར་ལེགས་སྐྱེས་རྨད་ དུ་བྱུང་བ་ཞིག་ཡིན།
གཉིས་པ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོ ག་ཆོས་པ་ཞིག་ཡིན་པ་དང། དེ་ཡང་ནང་པའི་ཆོས་ཀྱི་དབུ་འཁྲི ད་ཅིག་ཡིན་པའི་ཆ་ནས། ཆོས་ལུགས་འདྲ་མིན་ཚང་མ་ཕན་ཚུན་ མཐུན་བསྒྲིལ་དགོས་པ། འཛམ་གླིང་འདིའི་ནང་ཆོས་ལུགས་འདྲ ་མིན་ཡོད་པ། འཇིག་རྟེན་བཀོད་པ་པོར་ཁས་ལེན་ མཁན་ཞིག་ཡིན་ནའང་རེད། འཇིག་རྟེན་བཀོད་པ་པོར་ཁས་མི་ལེ ན་མཁན་ཞིག་ཡིན་ནའང་རེད། ཆོས་ལུགས་ཚང་མས་བྱམས་བརྩེ་དང། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། ཆོག་ཤེས་སོགས་གཅིག་འགྱུར་གྱི་ ཁས་ལེན་བྱེད་ཀྱི་ཡོད་པ། ཆོས་ལུགས་ཚང་མའི་དམིགས་ཡུལ་ནི་ གཞན་གྱི་སྡུག་བསྔལ་མེད་པ་བཟོ་ ཐབས་དང། བདེ་བ་མངོན་དུ་བསྒྲུབ་རྒྱུ་དེ་ ཡིན་པ། དེས་གདུལ་བྱ་སོ་སོའི་བློ་དང། བསམ་པ། མོས་པ་ལ་འཚམས་པའི་ཕན་ཐོགས་ངེས་ ཅན་ཡོད་པ། སྟོན་སངས་རྒྱས་བཅོམ་ལྡན་འདས་ཀྱི ས་ཀྱང་གང་ཟག་སོ་སོའི་བློ་མོས་ དང་འཚམས་པའི་ལམ་བསྟན་ཡོད་པ།
དེ་ལ་བརྟེན་ནས་ནང་པ་སངས་རྒྱས་ པའི་ནང་ཐེག་པ་ཆེ་ཆུང་སྔགས་དང་ བཅས་པ་སོ་སོར་ཡོད་པ། ཆོས་ལུགས་དེ་དག་ཚང་མ་ལོ་ངོ་སྟོ ང་ཕྲག་ནང་འཛམ་བུ་གླིང་འདིར་གནས་ ཡོད་པ། དེས་ན་ལམ་སྟོན་གནང་སྟངས་མི་འདྲ་ བ་ཙམ་ལས་དམིགས་ཡུལ་དང་བསྒྲུབ་བྱ ་གཅིག་འགྱུར་ཡིན་པར་སོང། ཆོས་ལུགས་ཕན་ཚུན་མཐུན་བསྒྲིལ་ དང་ཕན་ཚུན་གུས་ཞབས་བྱ་རྒྱུ་ནི་ ཧ་ཅང་གི་གལ་ཆེ་ཡིན་པ། དེང་འཛམ་གླིང་འདིའི་ནང་ཆོས་ལུ གས་ཀྱི་མིང་ཐོག་ནས་ཕན་ཚུན་འཐབ་ རྩོད་དང་དམག་འཁྲུག་ལ་སོགས་ཡོང་ དང་ཡོང་བཞིན་པ་ནི་ཆེས་བློ་ཕམ་གྱི ་རང་བཞིན་ཡིན་པ། ཇི་སྲིད་འཛམ་གླིང་འདི་མ་འཇིག་པ་ དེ་སྲིད་དུ་རང་ཉིད་ཀྱི་དད་མོས་ བྱེད་སའི་ཆོས་ལུགས་ཙམ་ལས་ཆོས་ལུ གས་གཞན་རྣམས་མེད་པར་བཟོས་རྒྱུ་ ནི་དེ་སྔ་ཡང་བྱུང་མྱོང་མེད་ལགས། མ་འོངས་པར་དེ་ལྟར་ཡོང་ཐབས་མེད། དེ་བས་འཆམ་མཐུན་བྱས་པའི་ཐོག་ནས་ མཉམ་གནས་བྱས་ན་སོ་སོའི་ཆོས་ལུ གས་གང་ཡིན་དེའི་དམིགས་ཡུལ་བསྒྲུ བ་ཐུབ། ༧གོང་ས་མཆོག་གང་ཉིད་ནས་ཀྱང་འཛམ་ གླིང་འདིའི་ནང་གི་ཆོས་ལུགས་ཚང་ མའི་དགོན་པ་ལ་སོགས་པའི་ནང་ཆིབས་ སྒྱུར་གྱིས་སྐུ་ཕྱག་ཕུལ་བ། ཐུགས་སྨོན་མཛད་པ། བཀའ་སློབ་གནང་བ་སོགས་ང་རང་ཚོས་ ལན་མང་མཇལ་བཞིན་པ་དེ་ལྟར་རེད།
གསུམ་པ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོ ག་བོད་པ་ཞིག་ཡིན་པ་དང། དེའི་ནང་ནས་ཏཱ་ལའི་བླ་མའི་མཚན་ གནས་ཡོད་པ། བོད་མི་ཚང་མས་ཁོང་ལ་དད་པ་ཡིད་ཆེ ས་བྱེད་ཀྱི་ཡོད་པའི་ཆ་ནས། བོད་དོན་བདེན་མཐའ་གསལ་ཐབས། བོད་པའི་ཆོས་དང་རིག་གཞུང་སྐད་ཡི ག་དང་སྲུང་སྐྱོབ་གནང་རྒྱུ། ཁོར་ཡུག་སྲུང་སྐྱོབ་གནང་རྒྱུའི་ ཐུགས་འགན་ཡོད་པར་བརྟེན། བོད་དོན་བདེན་མཐའ་གསལ་ཐབས་ལྟ་བུ ར་མཚོན་ན། ཐོག་མར་བཙན་བྱོལ་ལ་གྱར་ཙམ་སྐབས་ ནས་མཉམ་འབྲེལ་རྒྱལ་ཚོགས་ལ་སྔ་རྗེ ས་ཞུ་གཏུགས་གནང་བ་དང་། གཞིས་ཆགས་གསར་འཛུགས། བོད་སློབ་ཟུར་འཛུགས། བོད་རྒྱ་འབྲེལ་མོལ་རིམ་པར་གནང་ བ། འཛམ་གླིང་ཤར་ནུབ་ཡུལ་གྲུ་ཁག་ཏུ་ བོད་དོན་ཞུ་གཏུགས། བོད་དོན་བདེན་མཐའ་གསལ་ཐབས་སུ་ གཉིས་སྨན་དབུ་མའི་ལམ་གྱི་སྲིད་ བྱུས་གཏན་འབེབས་ལ་སོགས་གནང་བ་ དང་། བོད་པའི་ཆོས་དང་རིག་གཞུང་སྐད་ཡི ག་ཉམས་པ་སོར་ཆུད་དང་མི་ཉམས་རྒྱུ ན་འཛིན་སླད་དུ། དགོན་སྡེ་གྲྭ་ཚང་གསར་འཛུགས་ཀྱི ས་གཞུང་ཆེན་ཁག་ལ་བསླབ་པ་སློབ་ གཉེར་ཚད་ལྡན་གནང་དགོས་སྐོར་བཀའ་ སློབ་རབས་དང་རིམ་པར་སྩལ་གནང་བ།
དེ་བཞིན་བོད་ཀྱི་སྐད་ཡིག་གི་ཐོ ག་ལ་ཡང་བོད་ཀྱི་སྐད་ཡིག་ནི་བོད་ པའི་རིག་གཞུང་གི་བླ་སྲོག་ལྟ་བུ་ ཡིན་སྐོར་དང་བཀའ་འགྱུར་བསྟན་འགྱུ ར་པོད་སུམ་བརྒྱ་ལྷག་ཡོད་པ་དེ་ དག་བོད་སྐད་ཁོ་ནའི་ཐོག་ཡོད་པ་ དང་། དེང་སང་འཛམ་གླིང་འདིའི་ནང་ནང་ པའི་གཞུང་ལ་སློབ་སྦྱོང་བྱེད་དགོ ས་བྱུང་ཚེ་བོད་སྐད་ཁོ་ནའི་ཐོག་ ནས་མ་གཏོགས་སྐད་ཡིག་གཞན་ཐོག་མེ ད་སྐོར་ལ་སོགས་བཀའ་སློབ་རིམ་པར་ སྩལ་ཡོད། བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་ ཀྱིས་གནའ་བོའི་གསོ་རིག་དང་དེང་ དུས་གསོ་རིག་ཐོག་ཉམས་ཞིབ་ཀྱིས་ ཚན་རིག་དང་མཐུན་པ་བཟོ་དགོས་པའི་ བཀའ་སློབ་རབས་དང་རིམ་པར་སྩལ། རྒྱ་ནག་དམར་པོའི་སྲིད་གཞུང་གིས་ བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་ ཚབས་ཆེན་བཟོས་དང་བཟོ་བཞིན་པར་བོ ད་ཀྱི་ཁོར་ཡུག་དེ་བཞིན་བོད་པ་ ཙམ་མ་ཡིན་པར་ཨེ་ཤ་ཡའི་ཡུལ་གྲུ་ མང་པོ་ཞིག་དང་འབྲེལ་བ་ཡོད་པར་སོ ང་། སྤྱིར་འཛམ་གླིང་སྤྱིའི་ཁོར་ཡུག་ དང་ཡང་སྒོས་བོད་ཀྱི་ཁོར་ཡུག་སྲུ ང་སྐྱོབ་དགོས་སྐོར་བཀའ་སློབ་ རབས་དང་རིམ་པར་སྩལ་དང་སྩོལ་བཞི ན་ཡོད།
བཞི་པ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོ ག་གི་སྐུ་ཡོན་གནང་ས་དེ་རྒྱ་གར་ གནའ་བོའི་རིག་གཞུང་ཡིན་པ་དང་རྒྱ ་གར་གྱི་གནའ་བོའི་རིག་གཞུང་གི་ རྗེས་འབྲངས་པ་ཞིག་ཡིན་པའི་ཆ་ནས། རིག་གཞུང་དེས་འཛམ་བུ་གླིང་འདིར་ ཕན་ཐོགས་ངེས་ཅན་ཞིག་ཡོད་པ། དེའི་ཕྱིར་རྒྱ་གར་གནའ་བོའི་རིག་ གཞུང་སླར་གསོ་དགོས་པ། སླར་གསོ་དེ་ཡང་སློབ་སྦྱོང་བྱས་ པའི་ཐོག་ནས་མ་གཏོགས་ཡོང་རྒྱུ་མེ ད་པ། དེ་ཡང་དཔལ་ན་ལན་ཌའི་གཞུང་ཆེན་དེ ་དག་ཡིན་པ། གཞུང་ཆེན་དེ་ཚོའི་ནང་རྒྱ་གར་གྱི ་གནའ་བོའི་སེམས་ཁམས་རིག་པ་དང་། ཚད་མའི་རྣམ་གཞག། ལྟ་གྲུབ་དང་འབྲེལ་བའི་སྒོམ་སྒྲུ བ། ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་ བཟང་བཅས་དེང་གི་ཤེས་ཡོན་ལམ་ལུ གས་དང་མཉམ་སྦྲེལ་གྱིས་བསྐྱར་གསོ ་བྱས་ཏེ། བྱམས་བརྩེ་དང་ལྡན་པའི་འཛམ་གླིང་ ཞིག་འཛུགས་སྐྲུན་བྱེད་ཐུབ་པར་ངོ ས་འཛིན་གནང་གི་ཡོད་པ། གཞུང་ཆེན་དེ་དག་ཀྱང་སྡེ་ཚན་གསུ མ་དུ་དབྱེ་དགོས་པ། ནང་ཆོས་ནས་གསུངས་པའི་ཚན་རིག་གི་ སྡེ་ཚན། ནང་ཆོས་ནས་གསུངས་པའི་ལྟ་གྲུབ་ཀྱི ་སྡེ་ཚན། ནང་ཆོས་ཀྱི་ཉམས་ལེན་བཅས་སུ་དབྱེ ་དགོས་པ། གོང་མ་གཉིས་ནང་པ་ཡིན་མིན་སུས་ཀྱ ང་སློབ་སྦྱོང་གནང་ན་ཕན་ལས་གནོད་ མེད་པ། གསུམ་པ་དེ་བཞིན་ནང་པ་ཞིག་གིས་ གནང་རྒྱུ་ཡིན་པ་སོགས་ཡིན། དུས་ཚོད་སྐར་མ་བཅུ་མ་གཏོགས་མེད་ པར་སོང་འདི་གར་མཚམས་འཇོག་བྱ་རྒྱུ ་ཡིན། བཀྲ་ཤིས་བདེ་ལེགས། ཞེས་གསུངས་གནང་སོང་།
གཞན་ཡང་མཛད་སྒོའི་ཐོག་བོད་མིའི་ སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་ སྐྱོང་བློ་བཟང་སེངྒེ་མཆོག་དང་། དགའ་ལྡན་གླིང་ལྟེ་གནས་ཀྱི་འགན་ འཛིན་དྭགས་པོ་རིན་པོ་མཆོག དགེ་སློང་མེད་ཐིའུ་རི་ཀཱ་ཌི་ (Matthieu Ricard) ལགས། ཕ་རན་སི་གྲོས་ཚོགས་གོང་མའི་འཐུ ས་མི་དང་། ཕ་རན་སི་གྲོས་ཚོགས་གོང་མའི་བོད་ དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ གཙོ་ལྕམ་སྐུ་ཇ་ཁུ་ལིན་ (Jacqueline Eustache-Brinio) མཆོག ཕ་རན་སི་གྲོས་ཚོགས་འཐུས་མི་དང་། ཕ་རན་སི་གྲོས་ཚོགས་བོད་དོན་རྒྱ བ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་ སྐུ་ཨེ་ལི་ཛེ་བྷི་ཐི་ (Elisabeth Toutut-Picard) མཆོག ཕ་རན་སི་རྒྱལ་ས་པེ་རི་སིའི་གྲོ ང་སྡེའི་སྤྱི་ཁྱབ་གཞོན་པ་སྐུ་ ཞབས་རོ་མེ་རོ་མ་ཡི་ཀེལ་ (Jean-Luc Romero-Michel) ལགས། སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤི ས་ཕུན་ཚོགས་ལགས་བཅས་ནས་གསུང་ བཤད་གནང་འདུག་པ་བཅས། །