ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༨ རེས་གཟའམིག་དམར།
༄༅། །ཨ་རི་གཞུང་ཡུ་ཨེས་ཨེ་ཨཡི་དྲི་ ༼USAID༽ ༢༠༡༦་་༢༠༢༡ ལོའི་ལྔའི་ལས་གཞི་ཁོངས་སུ་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་བོད་མིའི་ལས་ཤུགས་གྲངས་ཐོ་བསྡུ་རུབ་ཀྱི་ལས་གཞི་ཆེད་ཆོད་གན་ལས་བྱེད་གྲངས་ ༡ ས་མིག་ཡོད་པར་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་ནས་དགོས་མཁོ་ཡིག་ཆ་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༨ འགྱངས་མེད་འཚང་སྙན་འབུལ་དས་ཤིང་། འཚང་སྙན་ནང་སོ་སོའི་གློག་འཕྲིན་ཁ་བྱང་དང་ཁ་པར་ཨང་གྲངས་བཅས་ཁ་གསལ་བཀོད་དགོས།
ཀ༽ བོད་མིའི་ལས་ཤུགས་གྲངས་ཐོ་བསྡུ་རུབ་ཀྱི་ལས་གཞི་ Workforce Information system (WFIS) ལས་འཛིན་པའི་དགོས་མཁོ། ས་མིག ༡
༡༽ B.Sc Engineering (Computer Science), B.Tech, BCA ལག་འཁྱེར་ཚད་མཉམ་ལྡན་པ།
༢༽ དོ་དག་ནས་དྲ་རྒྱ་རིག་གསར་བཟོ་མཇུག་སྐྱོངས་ཐུབ་པ།
༣༽ IT སྡེ་ཁག་ནང་ཉམས་མྱོང་ཡོད་རིགས་ལ་དམིགས་བསལ་གནང་འོས་གནང་རྒྱུ།
༢༽ བོད་པའི་སྤྱི་ཚོགས་དང་གཞིས་ཆགས་ཀྱི་གནས་སྟངས་ཁག་ལ་གོ་རྟོགས་གཏིང་ཟབ་ཡོད་པ།
༣༽ བོད་དབྱིན་གཉིས་བྲིས་བཤད་རང་རྐྱ་འཕེར་ངེས་ཐོག བོད་མིའི་གཞིས་ཆགས་ཁག་ཏུ་འགྲོ་བསྐྱོད་གང་མང་བྱེད་རྒྱུར་དཀའ་ངལ་མེད་པ།
ཆ་རྐྱེན།
༡༽ འཛིན་གྲྭ་བཅུ་པ་དང་མཐོ་རིམ་སློབ་གྲྭ་ཐོན་པའི་ལག་འཁྱེར་ཡིག་ཆ་དགོས་རྒྱུ།
༢༽ ཕྱི་ལོ་ ༢༠༢༠།༣།༣༡ བར་དྭངས་བླངས་དཔྱ་དངུལ་ཆ་ཚང་འབུལ་ཟིན་པའི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་བཤུས།
༣༽ ངོས་འཛིན་ཡོད་པའི་སྨན་ཁང་ཞིག་ནས་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།
༤༽ རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་རྒྱུན་དུ་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར།
༥༽ ལས་ཀ་བྱེད་བཞིན་པ་ཡིན་ན་ལས་ཡུལ་དེ་ནས་དགག་བྱ་མེད་པའི་ངོས་སྦྱོར་དགོས།
༦༽ གོང་གསལ་ལག་འཁྱེར་དང་ཡིག་ཆའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཡན་ཡང་ན་ས་གནས་འགོ་འཛིན་གང་རུང་གི་དག་མཆན་ངེས་པར་འཁོད་དགོས།
ནང་སྲིད་ལས་ཁུངས་ཀྱི་རང་ཁོངས་ཆོད་གན་ཐོག་ལོ་གཅིག་རིང་ཟླ་རེར་ཁང་དོད་འཚུད་པའི་གང་ཕོགས་ཧིན་སྒོར་ ༢༧༠༠༠ ༼ཉི་ཁྲི་བདུན་སྟོང་།༽ ཐོག་བསྐོ་གཞག་གནང་རྒྱུ། མི་འགྲོ་དེ་དག་དྲ་ཐོག་བརྒྱུད་ལམ་ནས་འདེམས་སྒྲུག་བྱ་རྒྱུ་ཡིན་པ་དང་འཚང་སྙན་འབུལ་དུས་གཙང་རྗེས་གཏན་འབེབ་ཟླ་དུས་ཚེས་གྲངས་ནམ་ཡིན་དོ་བདག་སོ་སོར་བརྡ་ལན་འབུལ་རྒྱུ། འཚང་སྙན་འབུལ་བློ་ཡོད་རིགས་ནས་གཤམ་གསལ་ཁ་བྱང་ཐོག་འབྲེལ་བ་ཡོང་བ་བཅས། ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༧ ལ།།
01892-222241/412 extension to WFIS