ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོ ག་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༨ ནས་ ༢༢ བར་སྡེ་ར་ལྡུན་ཁྱབ་ཁོངས་ཚེ་རིང་ དོན་ལྡན་གཞིས་གསར་ཆེད་འདི་གའི་ རོགས་དངུལ་ལས་འཆར་འོག་ཚོགས་ཁང་ གསར་རྒྱག་གི་ལས་གཞི་ལེགས་གྲུབ་ཟིན་ཡོད་པས་ཕྱི་ཚེས་ ༡༩ ཉིན་དབུ་འབྱེད་མཛད་སྒོར་སྐོུ་ མགྲོན་གཙོ་བོར་མགྲོན་འབོད་བཞིན་ བཅར་རྒྱུ་དང་། དེ་བཞིན་དགེ་འཕེལ་གླིང་སྡོད་ཁང་ ཉེ་འགྲམ་ས་ཆའི་སྟེང་འདི་གའི་ལས་ འཆར་ཁག་ཅིག་དང་འབྲེལ་ས་གནས་སུ་ ས་བབ་གནས་སྟངས་རྟོག་ཞིབ་གནང་རྒྱུ ་དང་འབྲེལ་ཡོད་ལྷན་གོ་བསྡུར་ གནང་རྒྱུ། ཕྱི་ཚེས་ ༢༠ དང་ ༢༡ ཉིན་སྤོན་ཊ་ཆོལ་གསུམ་གཞིས་ཆགས་ དང་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་ གཉིས་སུ་ནང་སྲིད་ལས་ཁུངས་ཀྱི་རོ གས་རམ་འོག་ལས་འཆར་ཁག་ལ་ལྟ་རྟོག་ དང་འཚམས་གཟིགས་གནང་རྒྱུ། ཕྱི་ཚེས་ ༢༢ ཉིན་རྡ་སར་ཕྱིར་འཁོར་གནང་རྒྱུ་ བཅས་གཞུང་དོན་ཕྱོགས་ཕེབས་གནང་གཏན་འཁེལ་འདུག་པ་བཅས། །