ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ ནང་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱ བ་སྐྱོར་གྱི་ཁྲིམས་འཆར་ (Tibetan Policy and Support Act 2020) ཨ་རིའི་གྲོས་ཚོགས་གོང་མའི་ནང་སྤྱི ་མོས་ཐོག་གཏན་འབེབས་གནང་བར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོ གས་གཙོ་པདྨ་འབྱུང་གནས་མཆོག་གིས་ གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི ་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཨ་རིའི་གཞུང་དང་། གྲོས་ཚོགས་འཐུས་མི་རྣམ་པས་གཙོས་ པའི་འབྲེལ་ཡོད་སྐུ་ལས་བསྐྱོན་ མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ གནང་འདུག
དེ་ཡང་ཨ་རིའི་སྲིད་འཛིན་གཞོན་པ་དང་། གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ ་ཞབས་མཱ་ཡི་ཀི་པན་སི་ (Mike Pence) མཆོག་ལ་བསྐུར་བའི་ཐུགས་རྗེ་ཆེ་ ཞུའི་འཕྲིན་ཡིག་ནང་འཁོད་དོན། ཨ་རིའི་གྲོས་ཚོགས་གོང་མའི་ནང་ཕྱི ་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱ བ་སྐྱོར་གྱི་ཁྲིམས་འཆར་དེ་བཞིན་ སྤྱི་མོས་ཐོག་གཏན་འབེབས་བྱུང་ བའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་ མ་དགའ་ཚོར་ཆེན་པོ་བྱུང་། ཁྲིམས་འཆར་དེས་བོད་ནང་གི་འགྲོ་ བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་སྲུང་སྐྱོབ་བྱ་རྒྱུ ར་རྒྱབ་སྐྱོར་གནང་གི་ཡོད་ཅིང་། ཁྲིམས་འཆར་དེའི་ནང་བོད་མིའི་བླ་ ན་མེད་པའི་དབུ་འཁྲིད་སྤྱི་ནོར་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོ ག་གི་སྐུའི་ཡང་སྲིད་ངོས་འཛིན་ ཐག་གཅོད་བྱ་རྒྱུའི་འགན་དབང་ནི་ མགོན་པོ་གང་ཉིད་མཆོག་དང་། བོད་མི་ཚོར་ཡོད་ཅེས་དང་། གལ་ཏེ་རྒྱ་ནག་གཞུང་གིས་༧གོང་ས་ མཆོག་གི་སྐུའི་ཡང་སྲིད་ངོས་འཛི ན་གནང་ཕྱོགས་ལ་ཐེ་བྱུས་བྱས་ཚེ། འབྲེལ་ཡོད་དཔོན་རིགས་རྣམས་ལ་ཨ་ རིའི་གཞུང་གིས་ཨ་རིའི་ནང་ཡོང་རྒྱུ ར་བཀག་འགོག་དང་། ཉེས་ཆད་གཅོད་རྒྱུ་ཡིན་པ་དང་། དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་སར་ ཨ་རིའི་གཞུང་ཚབ་ཁང་འཛུགས་རྒྱུའི ་ཆོག་མཆན་མ་གནང་བར་དུ་ཨ་རིའི་ གཞུང་གི་ངོས་ནས་ཨ་རིའི་ནང་རྒྱ་ ནག་གི་གཞུང་ཚབ་ཁང་གསར་པ་འཛུགས་ རྒྱུའི་ཆོག་མཆན་གནང་མི་ཆོག་པ་སོ གས་འཁོད་ཡོད་པ་རེད།
ངས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི ་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཁྲིམས་འཆར་དེ་ཉིད་ཨ་རིའི་གྲོས་ ཚོགས་གོང་མའི་ནང་སྤྱི་མོས་ཐོག་ གཏན་འབེབས་ཐུབ་པར། སྐུ་ཉིད་དང་། གྲོས་ཚོགས་འཐུས་མི་རྣམ་པར་ཐུགས་ རྗེ་ཆེ་ཞུ་རྒྱུ་ཡིན།
ཁྲིམས་འཆར་དེ་ནི་བོད་མི་ཚོར་མཚོ ན་ན། ལོ་རྒྱུས་རང་བཞིན་ལྡན་པ་ཞིག་དང་ ། གྲུབ་འབྲས་ཆེན་པོ་ཞིག་ཡིན། དེས་ཨ་རིའི་གྲོས་ཚོགས་ནི་དྲང་ བདེན་ཕྱོགས་ལ་ལངས་ཀྱི་ཡོད་པའི་ བརྡ་ལན་གསལ་པོ་ཞིག་སྤྲོད་ཀྱི་ཡོ ད་པ་མ་ཟད། ཨ་རིའི་གཞུང་ནས་བོད་མིའི་བླ་ན་ མེད་པའི་དབུ་འཁྲིད་སྤྱི་ནོར་༧གོ ང་ས་༧སྐྱབས་མགོན་ཆེན་པོ་མཆོག་ དང་། བོད་ཀྱི་རྩ་དོན་ཐོག་འབྱུང་འགྱུ ར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ ཡིན་པ་ར་སྤྲོད་གསལ་པོ་བྱས་ཡོད།
ཁྲིམས་འཆར་དེས་འཛམ་གླིང་གང་སར་ ཡོད་པའི་བོད་མི་རྣམས་དང་། ལྷག་པར་དུ་བོད་ནང་རྒྱ་དམར་གཞུང་ གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ འོག་དཀའ་སྡུག་མྱོང་བཞིན་པའི་བོ ད་མི་རྣམས་ལ་རེ་བ་ཆེན་པོ་སྦྱིན་ ཡོད། ཨ་རིའི་གཞུང་མང་གཉིས་ནས་ད་བར་བོ ད་དོན་ཐོག་ཆོད་སེམས་བརྟན་པོས་ མཐུན་འགྱུར་རྒྱབ་སྐྱོར་གནང་བར་ ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ སྦྲགས། བོད་ཀྱི་བདེན་མཐའ་མ་གསལ་བར་མུ་ མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་ བའི་རེ་སྐུལ་ཞུ་རྒྱུ་ཡིན།
དེ་བཞིན་ད་རེས་ཁྲིམས་འཆར་གཏན་ འབེབས་ཐུབ་རྒྱུའི་ཐོག་སྐུ་ངལ་ བསྐྱོན་མཁན་འབྲེལ་ཡོད་ཚང་མར་ཐུ གས་རྗེ་ཆེ་ཞུ་རྒྱུ་མ་ཟད། རྒྱལ་ཁབ་གཞན་གྱི་གྲོས་ཚོགས་ནང་ ལའང་དེ་ལྟར་ཁྲིམས་འཆར་གཏན་འབེ བས་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ ་ཡིན།
ཁྲིམས་འཆར་དེར་ཨ་རིའི་སྲིད་འཛི ན་མཆོག་གི་གང་མགྱོགས་མཚན་རྟགས་ འགོད་པའི་རེ་བ་ཡོད་ཅེས་འཁོད་ གནང་འདུག་པ་བཅས། །