ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༥ རེས་གཟའ་མིག་དམར་ཉིན་རྒྱ་གར་གུ་ ཇ་རཱ་ཊ་ (Gujarat) མངའ་སྡེ་ནས་ཡིན་པའི་བོད་དོན་རྒྱ བ་སྐྱོར་བ་སྐུ་ཞབས་པི་ཇི་ཇོ་ཏི་ ཀར་ (P.G. Jyotikar) ལགས་དགུང་གྲངས་ ༨༦ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ ཡིད་སྐྱོའི་གནས་ཚུལ་ཐོན་པར། ཕྱི་ཚེས་ ༢༠ རེས་གཟའ་ཉི་མའི་ཉིན་དཔལ་ལྡན་བོ ད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ ་འབྱུང་གནས་མཆོག་གིས་གཞིས་བྱེས་ བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི ་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ དམ་པ་ཁོང་གི་ནང་མི་ཉེ་འབྲེལ་ལྟོ ས་བཅས་ཡོངས་ལ་ཐུགས་གསོ་ཞུས་གནང་ འདུག
ཐུགས་གསོའི་འཕྲིན་ཡིག་ནང་འཁོད་ དོན། བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོ ར་ཤུགས་ཆེ་གནང་མཁན་སྐུ་ཞབས་པི་ ཇི་ཇོ་ཏི་ཀར་ལགས་འདས་གྲོངས་གྱུ ར་པའི་གནས་ཚུལ་ཐོས་འཕྲལ་ངོས་རང་ བློ་ཕམ་ཆེན་པོ་བྱུང་། སྐུ་ཞབས་ཁོང་ནི་གུ་ཇ་རཱ་ཊ་མངའ་ སྡེའི་ནང་བོད་མིའི་རང་དབང་གི་ ལས་འགུལ་ཐོག་མར་སྤེལ་མཁན་ཞིག་ཡི ན། ངས་སྐབས་བཅུ་དྲུག་པའི་བོད་མི་ མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ ཞུས་ཏེ་ཁྱེད་ནང་མི་ལྷན་རྒྱས་ལ་ ཐུགས་གསོ་ཞུ་རྒྱུ་ཡིན།
སྐུ་ཞབས་པི་ཇི་ཇོ་ཏི་ཀར་ལགས་ཀྱི ས་བོད་ཀྱི་རྩ་དོན་ཐོག་མི་ལོ་ ༤༠ ཙམ་རིང་སྐུ་ངལ་འཛེམས་མེད་ཀྱི་ཐོ ག་ནས་རང་ཉིད་ཀྱི་དུས་ཚོད་དང་ནུ ས་ཤུགས་གང་ཡོད་བཏོན་གནང་ཡོད། ཁོང་གིས་བོད་ཀྱི་འཐབ་རྩོད་ཀྱི་ ནུས་པ་སྤྱི་དང་། ལྷག་པར་དུ་གུ་ཇ་རཱ་ཊ་མངའ་སྡེའི་ ནང་བོད་ཀྱི་རྩ་དོན་གྱི་ནུས་པ་ཕྱོ གས་ཡོངས་ནས་ཤུགས་ཆེར་གཏོང་རྒྱུ འི་ཐོག་སྐུ་ངལ་ཆེན་པོ་བསྐྱོན་ གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡི ན། དེས་མ་ཟད། གུ་ཇ་རཱ་ཊ་མངའ་སྡེའི་ནང་བོད་མི་ ཚོས་དགུན་ཚོང་བརྒྱབ་རྒྱུའི་ཐོག་ དམ་པ་ཁོང་གིས་མཐུན་འགྱུར་རྒྱབ་ སྐྱོར་གང་ཡོད་གནང་ཡོད། དམ་པ་ཁོང་གིས་བོད་ཀྱི་རྩ་དོན་ལ་ རྒྱབ་སྐྱོར་དང་། བོད་མིའི་སྤྱི་ཚོགས་ལ་མཐུན་འགྱུ ར་རོགས་རམ་གང་ཐུབ་གནང་བར་ཐུགས་ རྗེ་ཆེ་ཞུ་རྒྱུ་མ་ཟད། དེ་ནི་ཡི་རངས་བསྔགས་བརྗོད་ཞུ་འོ ས་པ་ཞིག་ཀྱང་ཡིན། བོད་དོན་རྒྱབ་སྐྱོར་བ་ཁོང་ལྟ་བུ ་ནི་ང་ཚོར་ཤིན་ཏུ་ནས་བཀའ་དྲིན་ ཆེན་པོ་ཡིན།
དེ་བཞིན་དམ་པ་ཁོང་སྐུ་འཚོ་ཞུགས་ རིང་བོད་ཀྱི་རྩ་དོན་དང་འབྲེལ་ བའི་ལས་འགུལ་ཚང་མའི་ནང་མཉམ་ཞུ གས་གནང་ཡོད། དམ་པ་ཁོང་གིས་ང་ཚོའི་རྩ་དོན་ཐོ ག་ཕྱག་ལས་གནང་བ་རྣམས་ང་ཚོས་དུས་ ནམ་ཡང་བརྗེད་མི་སྲིད།
ངས་གཞིས་བྱེས་བོད་མི་ཡོངས་ཀྱི་ ཚབ་ཞུས་ཏེ་དམ་པ་ཁོང་གི་ནང་མི་ཉེ ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་ གསོ་ཞུ་རྒྱུ་ཡིན། དམ་པ་ཁོང་སྐུ་གཤེགས་པ་དེས་ང་ཚོ འི་འཐབ་རྩོད་ཐོག་གྱོང་གུད་ཆེན་ པོ་ཕོག་ཡོད།
སྐུ་ཞབས་དམ་པ་པི་ཇི་ཇོ་ཏི་ཀར་ ལགས་ནི་ལྡ་ལི་ཏི་སྤྱི་ཚོགས་ནས་ ཡིན་པའི་སྙན་གྲགས་ཅན་གྱི་ལོ་རྒྱུ ས་སྨྲ་བ་ཞིག་དང་། (Ambedkarite Movements) ཐོག་གི་མཁས་པ་ཞིག་ཀྱང་ཡིན། དེ་བཞིན་སྐུ་ཞབས་བྷི་ཨར་ཨམ་བྷེ་ ཊི་ཀར་མཆོག་གིས་ཐོག་མར་གསར་འཛུ གས་གནང་བའི་རྒྱ་གར་ནང་པའི་སྤྱི་ ཚོགས་ (The Buddhist Society of India) ཞེས་པའི་ཚོགས་པའི་དགེ་རྩའི་མ་ དངུལ་དོ་དམ་པ་ཡང་ཡིན་འདུག་པ་ བཅས། །