ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༨ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུ ས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི ་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ ཁང་གི་ཚོགས་གཙོ་སྐུ་ཞབས་མེ་ཐིའུ ་མེ་ཁ་ཅི་ (Matteo Mecacci) མཆོག་པོ་ལན་ཊི་རྒྱལ་ས་ཝར་སའོ་ (Warsaw) ནང་རྟེན་གཞི་བྱས་པའི་ རྒྱལ་སྤྱིའི་མང་གཙོའི་ལྟེ་གནས་ དང་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ (Office for Democratic Institutions and Human Rights) ཀྱི་འགན་འཛིན་དུ་བསྐོ་གཞག་གནང་ བར་འཚམས་འདྲི་ཞུས་གནང་འདུག
འཚམས་འཕྲིན་ནང་འཁོད་དོན། འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱི བས་ནད་ཡམས་ཀྱི་དཀའ་ངལ་འཕྲད་བཞི ན་པའི་སྐབས་འདིར། སྐུ་ཞབས་ཁྱེད་ཝར་སའོ་ (Warsaw) ནང་རྟེན་གཞི་བྱས་པའི་རྒྱལ་སྤྱི འི་མང་གཙོའི་ལྟེ་གནས་དང་འགྲོ་བ་ མིའི་ཐོབ་ཐང་ལས་ཁུངས་ (Office for Democratic Institutions and Human Rights (ODIHR)) ཀྱི་འགན་འཛིན་དུ་བསྐོ་གཞག་བྱུང་ བའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་ མ་དགའ་སྤོབས་ཆེན་པོ་བྱུང་། ངས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི ་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ ཁྱེད་ལ་འཚམས་འདྲི་ཞུ་རྒྱུ་ཡིན།
ང་རང་ལ་མཚོན་ན། སྐུ་ཞབས་ཁྱེད་དང་ལྷན་ཨི་ཊ་ལི་རྒྱ ལ་ས་རོམ་དང་། ཨ་རི། བཞུགས་སྒར་རྡ་ས་བཅས་ལ་མཇལ་འཕྲད་ གནང་རྒྱུ་བྱུང་བ་མ་ཟད། བོད་དོན་སྐོར་ལ་གྲོས་བསྡུར་ལྷུ གས་པོ་གནང་རྒྱུའི་གོ་སྐབས་བྱུང་ ། ཕྱི་ལོ་ ༢༠༠༩ ལོར་ཨི་ཊ་ལི་རྒྱལ་ས་རོམ་ལ་རྒྱལ་ སྤྱིའི་གྲོས་ཚོགས་འཐུས་མིའི་བོ ད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེ ངས་ལྔ་པ་བསྐོང་ཚོགས་གནང་རྒྱུར་ སྐུ་ཞབས་ཁྱེད་ནས་ཐུགས་འགན་ཆེན་ པོ་བཞེས་གནང་བ་ནི་ང་ཚོར་བཀའ་དྲི ན་ཆེན་པོ་ཡིན། ཚོགས་ཆེན་དེས་བོད་རིགས་ཡོངས་ལ་ མིང་དོན་མཚུངས་པའི་རང་སྐྱོང་ཡོ ང་ཐབས་ལ་རྒྱབ་སྐྱོར་གནང་རྒྱུ་ དང་། རྒྱ་ནག་གཞུང་གིས་བོད་ནང་གཞི་རྩ འི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤི ག་ཏུ་གཏོང་བཞིན་པ་རྣམས་འཕྲལ་མར་ མཚམས་འཇོག་དགོས་པའི་འབོད་སྐུལ་ ཞུས་གནང་ཡོད།
དེ་བཞིན་སྐུ་ཞབས་ཁྱེད་ནས་ད་བར་ བོད་དོན་དང་འབྲེལ་བའི་ལས་འགུལ་ མང་པོའི་ནང་ཐུགས་ཁུར་ཆེན་པོའི་ ཐོག་ནས་མཉམ་ཞུགས་གནང་བར་ང་ཚོས་ ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐུ་ ཞབས་ཁྱེད་ཕྱི་ལོ་ ༢༠༡༣ ནས་ད་བར་ཨ་རིའི་ནང་རྟེན་གཞི་བྱ ས་པའི་རྒྱལ་སྤྱིའི་བོད་དོན་ལས་ འགུལ་ཁང་གི་ཚོགས་གཙོ་གནང་སྐབས་ ཨ་རིའི་ནང་“བོད་ནང་ཕར་འགྲོ་ཚུར་ འོང་གི་ཐོབ་ཐང་འདྲ་མཉམ་གྱི་ཁྲི མས་ (Reciprocal Access to Tibet act) དང་། བོད་དོན་སྲིད་བྱུས་དང་རྒྱབ་སྐྱོ ར་གྱི་ཁྲིམས་འཆར་ (Tibetan Policy and Support Act) ལྟ་བུ་ཨ་རིའི་གྲོས་ཚོགས་ནང་གཏན་ འབེབས་གནང་རྒྱུའི་ཐོག་ནུས་པ་ཆེ ན་བཏོན་གནང་ཡོད།
སྐུ་ཞབས་ཁྱེད་ཨི་ཊ་ལིའི་གྲོས་ཚོ གས་འཐུས་མི་གནང་བའི་སྐབས་ནས་བཟུ ང་ད་བར་བོད་ནང་གི་འགྲོ་བ་མིའི་ ཐོབ་ཐང་གནས་སྟངས་སྐོར་གཞུང་དང་། རྒྱལ་སྤྱིའི་ཚོགས་པ་ཁག་ལ་ཞུ་སྐུ ལ་དང་། བོད་མིར་ཕན་པའི་སྲིད་བྱུས་གཏན་ འབེབས་གནང་རྒྱུར་སྐུ་ངལ་ཆེན་པོ་ བསྐྱོན་གནང་ཡོད། ཁྱེད་ནི་བོད་མིའི་གྲོགས་པོ་བློ ས་ཐུབ་གཅིག་དང་། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་བྱེ ད་མཁན་ཞིག་ཡིན། ཁྱེད་ཀྱིས་ད་བར་བོད་དོན་ཐོག་རྒྱ བ་སྐྱོར་དང་ཕྱག་ལས་གནང་བར་ཐུགས་ རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
ཁྱེད་རྒྱལ་སྤྱིའི་མང་གཙོའི་ལྟེ་ གནས་དང་འགྲོ་བ་མིའི་ཐོབ་ཐང་ལས་ ཁུངས་ཀྱི་འགན་འཛིན་དུ་བསྐོ་གཞག་ གནང་བ་དེས་བོད་ཕྱི་ནང་གཉིས་སུ་ བཞུགས་པའི་བོད་མི་རྣམས་དང་། འགྲོ་བ་མིའི་ཐོབ་ཐང་མེད་པའི་རྒྱ ལ་ཁབ་ཁག་གི་མི་སེར་རྣམས་ལ་རེ་བ་ སྦྱིན་ཡོད། ཁྱེད་ཀྱིས་འགྲོ་བ་མིའི་ཐོབ་ཐང་ ཐོག་སྐད་ཆ་བཤད་མ་ཐུབ་མཁན་ཚོའི་ མགྲིན་ཚབ་དང་། ལས་གནས་དེའི་ཐོག་ཕྱག་ལས་ཡག་པོ་ གནང་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོ ད་ཅེས་འཁོད་གནང་འདུག །