ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཡོངས་ནས་ཕྱི་ལོ་ ༢༠༢༠ འདི་བཞིན་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པའི་མཐུན་འགྱུར་འོག་སྡེ་ར་ལྡུན་ས་གནས་འགོ་འཛིན་ལས་ཁུངས་དང་སྡེ་ར་ལྡུན་ཁྱབ་ཁོངས་བོད་མི་སྤྱི་ཟུང་སྦྲེལ་ཐོག་བོད་ཡིག་དང་ཨིན་ཇི། ཧིན་དི་བཅས་སྐད་རིགས་མི་འདྲ་བ་གསུམ་གྱི་ཐོག་མགོན་པོ་གང་ཉིད་མཆོག་གི་མཛད་རྣམ་དང་༸སྐུའི་རླབས་ཆེན་གྱི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུར་དམིགས་ཏེ་ཟླ་གཅིག་རིང་བོད་ཀྱི་བསྐོར་བསྐྱོད་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་པ་དེ་ཉིད་ལེགས་པར་མཇུག་སྒྲིལ་ཡོད།
དེ་ཡང་ཕྱི་ཚེས་ ༢ ཉིན་བདེ་སྐྱིད་གླིང་ས་འགོ་འཛིན་ལས་ཁུངས་དང་ཧར་པ་པུར་འདོད་རྒུ་གཡུ་རྒྱལ་གླིང་བོད་མིའི་གཞིས་ཆགས་གཉིས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་ལྔ་ལ་བོད་ཀྱི་བསྐོར་བསྐྱོད་ཀྱི་འགྲེམས་སྟོན་ཞིག་གོ་སྒྲིག་གནང་ཡོད། སྐབས་དེར་སྔ་དྲོར་རབ་བརྟན་གླིང་མདོ་ཁམས་བོད་མིའི་ཚོགས་ཁང་དང་དེ་རྗེས་ཚེ་རིང་དོན་ལྡན་གཞིས་ཆགས་སུ་གོ་སྒྲིག་ཞུས་ཡོད་པ་བཅས། །