ཕྱི་ལོ་ ༢༠༢༠ ཟླ་་༡༢ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །ར་སྦང་ལ་ཀུན་ཕན་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་སྣེ་འཁྲིད་འོག་ར་སྦང་ལ་ཀུན་ཕན་གླིང་བོད་མི་རྣམས་ཀྱིས་༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞི་དང་། གཟེངས་རྟགས། དེ་བཞིན་མགོན་པོ་གང་ཉིད་ཀྱི་མཛད་འཕྲིན་སྙིང་བསྡུས་འཁོད་པའི་འཕྲེད་དར་ཆེན་པོ་གསུམ་ཞལ་ཕྱེ་གནང་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༠ འདི་བཞིན་བོད་མིའི་སྒྲིག་འཛུགས་ནས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་རྣམས་ཀྱིས་ལས་གཞི་འདྲ་མིན་སྣ་ཚོགས་སྤེལ་དང་སྤེལ་བཞིན་ཡོད་པ་བཅས། །