ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༧ ཉིན་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་དྲ་རྒྱ་བརྒྱུད་རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་ལ་གདོང་ལེན་དང་བོད་དོན་གླེང་མོལ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་གཏན་འཁེལ་ཡོད།
དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས། ཨོ་སི་ཊི་ལི་ཡའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་བཅས་ནས་སྐར་མ་ ༩༠ རིང་བོད་སྐད་ཐོག་ཨ་རི་དང་། ཡུ་རོབ། ཨོ་སི་ཊི་ལི་ཡ། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སོགས་ནས་རྒྱ་ནག་གཞུང་ལ་གདོང་ལེན་བྱེད་བཞིན་པའི་སྐབས་འདིར་འབྱུང་འགྱུར་བོད་ཀྱི་གནས་བབ་སྐོར་བགྲོ་གླེང་གནང་རྒྱུ་ཡིན་པ་མ་ཟད། དྲི་བ་དྲིས་ལན་ཡང་གནང་གཏན་འཁེལ་ཡོད།
ཨིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕར་སི་ལགས་ཀྱིས་བགྲོ་གླེང་གཙོ་སྐྱོང་གནང་རྒྱུ་དང་། བགྲོ་གླེང་འདི་བཞིན་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པས་ངོ་དེབ་བརྒྱུད་ཐད་གཏོང་གནང་རྒྱུ་ཡིན་པ་བཅས།།