ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་
དེ་ནས་དགེ་བཤེས་ཡང་དག་ཅེས་པ་ཞི
ངོས་ལ་སྟོང་ཉིད་སྐོར་ཐོག་མར་ངོ་
བོད་ལ་ཆ་བཞག་ན། མཁས་པའི་དབང་པོ་དང་ཉམས་ལེན་པ་
ནང་པ་སངས་རྒྱས་པའི་ཆོས་ནི་རྒྱ་
ཕྱིས་སུ་ནཱ་ལེནྡྲའི་མཁས་པའི་
རིམ་པས་སོག་ཡུལ་དུ་ནང་ཆོས་སླེབས་པ་རེད། དང་པོ་འགྲོ་མགོན་ཆོས་རྒྱལ་འཕགས་པ་སོག་ཡུལ་དུ་ཏོག་ཙམ་ཕེབས་ཡོད། དེ་རྗེས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་༸རྒྱལ་དབང་སྐུ་ཕྲེང་གསུམ་པ་ཧོར་གྱི་ཡུལ་ཁག་ཕེབས་ཏེ་སོག་པོའི་ཡུལ་ཁག་རྣམས་༸རྒྱལ་དབང་བསོད་ནམས་རྒྱ་མཚོ་མཆོག་གི་སློབ་མ་ཆགས་ཡོད། སྤྱིར་ནཱ་ལེནྡྲའི་ཆོས་བརྒྱུད་དང་། ཡང་སྒོས་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་ཤུགས་ཆེན་པོ་དར་རྒྱུ་༸རྒྱལ་དབང་བསོད་ནམས་རྒྱ་མཚོ་མཆོག་གི་དུས་ནས་བྱུང་བ་རེད། ཁྱེད་རང་ཚོས་ཏཱ་ལའི་སྦག་ཞི་ཞེས་ཟེར་གྱི་འདུག རྒྱ་མཚོའི་བླ་མ་ཞེས་ཟེར་གྱི་འདུག རྒྱ་མཚོ་ནི་ཐམས་ཅན་མཁྱེན་པ་དགེ་འདུན་རྒྱ་མཚོ། བསོད་ནམས་རྒྱ་མཚོ་ཞེས་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཚན་ལ་རྒྱ་མཚོ་ཞེས་ཡོད་པ་ཡིན་པས་ཏཱ་ལའི་སྦག་ཞི་ཞེས་པའི་མཚན་དེ་ཡང་སོག་སྐད་རེད། དེ་ལྟར་བོད་སོག་གཉིས་དབར་ཐུན་མོང་མ་ཡིན་པའི་འབྲེལ་བ་བྱུང་ཡོད། ངོས་རང་སོག་ཡུལ་དུ་ཐེངས་དང་པོ་སླེབས་པའི་སྐབས་སོག་པོ་དགའ་ལྡན་དགོན་པའི་ནང་ངོས་རང་བཞུགས་ཁྲིའི་སྟེང་སྡོད་སྐབས་སོག་པོ་ཚོས་བརྟན་བཞུགས་ཤིག་བཏོན་པའི་སྐབས་སུ་མང་པོས་མིག་ཆུ་བཏང་བྱུང་། ངོས་རང་ཡང་བཞུགས་ཁྲིའི་ཐོག་བསྡད་དེ་སེམས་ཧ་ཅང་སྐྱོ་བྱུང་། སྔ་མོ་ནང་ཆོས་ཧ་ཅང་དར་བ་རེད་དེ་བར་སྐབས་ཉམས་པ་རེད། ཆོས་ཞེས་པ་ནི་སེམས་ནང་ཡོད་སྟབས་དགོན་པ་དང་ལྷ་ཁང་སོགས་ཇི་ཙམ་གཏོར་བཤིག་བཏང་བ་ཡིན་ནའང་ནང་སེམས་ཀྱི་དད་པ་མེད་པ་བཟོ་མི་ཐུབ། དེར་བརྟེན་སོག་པོའི་བླ་རྒན་གྱིས་ངོས་ལ་ཧ་ཅང་དགའ་མོས་བྱེད་ཀྱི་འདུག ངོས་རང་མིག་ཆུ་ཤོར་སོང་། ཆོས་ཞེས་པ་ནི་སེམས་ནང་ནས་ཡོང་གི་ཡོད་སྟབས། ཨུ་རུ་སུའི་གསར་བརྗེ་དང་རྒྱ་ནག་གི་གསར་བརྗེ་ཀྱིས་གདུག་རྩུབ་བརྒྱུད་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་ཀྱང་ཆོས་ཀྱི་དད་པ་མེད་པ་བཟོ་མི་ཐུབ།
ཆོས་ཀྱི་དད་པ་མེད་པར་བཟོ་བའི་ཉེན་ཁ་གང་དུ་ཡོད་པ་རེད་ཅེ་ན། སྔ་མོ་ངོས་ཀྱིས་ཚན་རིག་སློབ་དགོས་པ་རེད་ཅེས་རེ་འདུན་བཏོན་པའི་སྐབས་སུ་མཁན་པོ་ཁ་ཤས་ཀྱིས་ཚན་རིག་བསླབ་ན་ཆོས་ཀྱི་དད་པ་ཆུང་དུ་ཕྱིན་མི་ཡོང་ངམ་ཞེས་བཤད་མཁན་བྱུང་། ངོས་ཀྱིས་དེ་མ་རེད། ཚན་རིག་བློ་གཟུ་བོར་གནས་ཡོད་པ་རེད། དེར་བརྟེན་ང་རང་ཚོའི་ངོས་ནས་འགྲེལ་བཤད་བརྒྱག་རྒྱུ་དང་། ལྟ་གྲུབ་དང་ཚད་མ་རིག་པ་དང་འབྲེལ་ནས་འགྲེལ་བཤད་བརྒྱབ་པ་ཡིན་ན་ཚན་རིག་པ་བློ་གཟུ་བོར་གནས་པ་ཚོས་ཁས་ལེན་བྱེད་ཀྱི་རེད་མ་གཏོགས་རྨོངས་དད་ལྟ་བུ་བྱས་ནས་དགག་པ་རྒྱག་གི་མ་རེད་ཅེས་ཞུ་རྒྱུ་བྱུང་། རིམ་བཞིན་ངོས་ཀྱིས་ཚན་རིག་པ་དང་མཉམ་དུ་འབྲེལ་བ་མང་པོ་བྱུང་། དེང་སང་འཛམ་གླིང་འདིར་ངོས་རང་ནང་པའི་དགེ་སློང་ཡིན་པ་སྨོས་མི་དགོས་པ་དང་། ཚན་རིག་པ་ཞིག་ཡིན་པ་ཕལ་ཆེར་ཡོངས་གྲགས་སུ་བརྩི་བཞིན་ཡོད།
སྤྱིར་འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་མི་འདྲ་བ་དེ་དག་གིས་གང་ལྟར་བྱམས་པ་དང་སྙིང་རྗེ་རྩ་བ་བྱས་ནས་གསུང་ཀྱི་ཡོད་པས་མི་ལ་ཕན་གྱི་ཡོད་པ་རེད། སེམས་ལ་ཞི་བདེ་ཡོང་བར་ཕན་གྱི་ཡོད། གོང་དུ་ཞུས་པ་ལྟར་ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་སྟབས། སྡུག་བསྔལ་ཉུང་དུ་གཏོང་བ་དང་བདེ་བ་ཡག་པོ་ཡོང་བར་རྒྱུ་མཚན་གྱི་ཐོག་ནས་བསམ་བློ་གཏོང་བའི་མིའི་ཁྱད་ཆོས་དེ་ཡོད་པས་ཆོས་ལུགས་ཚང་མས་བྱམས་བརྩེ་གསུང་གི་ཡོད། ངོས་ཀྱི་ངོས་ནས་དད་པ་དང་གུས་པ་གཉིས་དབྱེ་བ་ཕྱེས་ཏེ་ཆོས་ལུགས་ཚང་མར་གུས་བཀུར་བྱེད་ཀྱི་ཡོད། དད་པ་དེ་སོ་སོའི་ཆོས་ལ་བྱོས། གུས་པ་ནི་ཆོས་ལུགས་ཚང་མར་བྱེད་དགོས། དེ་ལྟར་ངོས་རང་ས་ཆ་འདྲ་མིན་དུ་ཕྱིན་སྐབས་ཡི་ཤུའི་ལྷ་ཁང་དང་ཁ་ཆེ་ལྷ་ཁང་། ཧིན་དུའི་ལྷ་ཁང་སོགས་ལྷ་ཁང་འདྲ་མིན་གང་དུ་སླེབས་ནའང་ངོས་རང་འཆར་ཅན་འགྲོ་བཞིན་ཡོད། དེ་དག་ཚང་མར་ངོས་ཀྱིས་སྨོན་ལམ་རྒྱག་བཞིན་ཡོད། ཆོས་ལུགས་ཚང་མར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་སེམས་འདུལ་དགོས་པ་དང་བྱམས་བརྩེ་ཚང་མས་གསུང་བཞིན་ཡོད། ཅེས་སོགས་བཀའ་སློབ་སྩལ་ཏེ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་ཆོས་འབྲེལ་དབུ་འཛུགས་མཛད། །