ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །འདི་གར་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༡ དང་ ༡༣ བཅས་ཉིན་སོ་སོར་སྤོན་ཊ་ཆོལ་གསུམ་གྱི་ས་གནས་འགོ་འཛིན་དགེ་ལེགས་འཇམས་དབྱངས་ལགས་ཀྱིས་རྒྱ་གར་གྱི་ལོ་གསར་རྡི་བ་ལིར་ (Diwali) འཚམས་འདྲི་དང་༸རྒྱལ་བའི་བཀྲིན་རྗེས་དྲན་མཚོན་ཆེད་ཧི་མཱ་ཅལ་མངའ་སྡེའི་འཕྲུལ་གློག་བློན་ཆེན་སུག་རམ་ཅོ་དི་རི་ (Shri Sukhram Chaudhary )ལགས་དང་སྐུ་ཞབས་བྷལ་དེབ་སེངྒ་ཊོ་མར་ (Shri Baldev Singh Tomar) ལགས། དེ་བཞིན་ན་ཧན་དང་སྤོན་ཊ་ཁུལ་གྱི་གནད་ཡོད་མི་སྣ་གྲངས་ ༤༥ ཙམ་དང་ཐུག་འཕྲད་ཀྱིས་མངར་ཟས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་དཔེ་རིས་དང་དཔེ་དེབ་བཅས་ཕུལ་ཡོད་པ་བཅས། །